ཨོ་ལིམ་པིག་རྩེད་འགྲན་སྦྱིན་བདག་ལ་སྐྱོན་བརྗོད་སྐོར།

ཨོ་ལིམ་པིག་རྩེད་འགྲན་གྱི་སྦྱིན་བདག་ཚོས་རྒྱ་ནག་གིས་འགྲོ་བ་མིའི་ཐོབ་ཐང་བརྡལ་བཤིག་བཏང་པའི་གནད་དོན་ཐད་སྐྱོན་བརྗོད་བྱས་མེད་པ་རེད།

2008.08.19

༄༅༎ཨོ་ལིམ་པིག་རྩེད་འགྲན་གྱི་སྦྱིན་བདག་བྱེད་མཁན་ འཛམ་གླིང་ནང་གི་ཚོང་ལས་ཁེ་གཉེར་སྡེ་ཚན་མི་འདྲ་བ་བཅུ་གཉིས་དེ་དག་གིས་ སོ་སོའི་གཞི་རྩའི་ལྟ་གྲུབ་གཏན་འབེབས་ཀྱི་ཡིག་ཆའི་ནང་ སྤྱི་ཚོགས་ལ་འགན་འཁུར་དགོས་ལུགས་གསལ་བ་ལ་མ་ལྟོས་པར་ རྒྱ་ནག་གཞུང་གིས་ཨོ་ལིམ་པིག་དང་འབྲེལ་ཡོད་ཀྱི་ཐོག་ནས་འགྲོ་བ་མིའི་ཐོབ་ཐང་བརྡལ་བཤིག་བཏང་པའི་གནད་དོན་ཐད་སྐྱོན་བརྗོད་གང་ཡང་བྱས་མེད་ལུགས་འགྲོ་བ་མིའི་ཐོབ་ཐང་བལྟ་རྟོག་ཚོགས་པས་གཟའ་ཟླ་བའི་ཉིན་གསལ་བསྒྲགས་གནང་འདུག

འགྲོ་བ་མིའི་ཐོབ་ཐང་བལྟ་རྟོག་ཚོགས་པས་ རྩེད་མོའི་སྦྱིན་བདག་ཚོས་ རྒྱལ་སྤྱིའི་ཨོ་ལིམ་པིག་རྩེད་འགྲན་ཚོགས་ཆུང་གི་ནང་ མ་འོངས་པའི་མགྲོན་བདག་ཡུལ་གྲུ་གང་ཞིག་གིས་འགྲོ་བ་མིའི་ཐོབ་ཐང་བརྡལ་བཤིག་གཏོང་མིན་གྱི་གནད་དོན་ཐད་རྟོག་ཞིབ་བྱེད་མཁན་གྱི་ཚོགས་ཆུང་ཞིག་ཆེད་འཛུགས་དགོས་རྒྱུར་གནོན་ཤུགས་སྤྲོད་དགོས་པའི་ཞུ་བསྐུལ་བྱས་ཡོད་པ་དང་ དཔེར་ན་ཕྱི་ལོ་ ༢༠༡༤ ལོའི་དགུན་ཁའི་ཨོ་ལིམ་པིག་རྩེད་འགྲན་དེ་ ར་ཤི་ཡའི་ནང་ཚུགས་གཏན་འཁེལ་ཡོད་སྟབས་ ཡུལ་གྲུ་དེའི་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་ཐད་ད་ལྟ་ནས་ཞིབ་རྟོག་བྱ་རྒྱུ་འགོ་ཚུགས་དགོས་ལུགས་བརྗོད་ཡོད་པ་རེད་

ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ཏུ་རྟེན་གཞི་བྱེད་པའི་འགྲོ་བ་མིའི་ཐོབ་ཐང་བལྟ་རྟོག་ཚོགས་པས་ ཨོ་ལིམ་པིག་གི་སྦྱིན་བདག་ཚོང་ལས་ཁེ་གཉེར་ལས་ཁང་བཅུ་གཉིས་ཀྱིས་ཁྱོན་བསྡོམས་རྒྱ་ནག་གི་ཨོ་ལིམ་པིག་སྐབས་སྦྱིན་བདག་གཙོ་བོའི་མིང་ཐོབ་རྒྱུར་ ཨ་རིའི་ཌོ་ལར་ས་ཡ་ ༨༦༦ འགྲོ་གྲོན་བཏང་ཡོད་ན་ཡང་ ཁོང་ཚོ་སྒེར་རམ་ཐོུང་གང་རུང་གི་ཐོག་ནས་ རྒྱ་ནག་གཞུང་གིས་ཨོ་ལིམ་པིག་སྐབས་གསར་འགོད་རང་དབང་ལ་དམ་བསྒྲགས་བྱས་པ་དང་ ཨོ་ལིམ་པིག་གི་ལྟེ་གནས་ཁག་གསར་རྒྱག་ཆེད་ཡོང་མཁན་གྱི་གྲོང་གསེབ་པའི་མི་ཚོར་བརྙས་བཅོས་བྱས་པ་ པེ་ཅིང་གི་ཡུལ་མི་འབུམ་ཕྲག་ཁ་ཤས་སོ་སོའི་སྡོད་ཁང་ནས་བཙན་ཤེད་ཀྱི་ཐོག་ནས་ཕྱིར་འབུད་བྱས་པ་སོགས་མདོར་ན་ ཨོ་ལིམ་པིག་དང་འབྲེལ་ཡོད་ཀྱི་ཐོག་ནས་རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་བརྡལ་བཤིག་བཏང་པའི་བྱ་སྤྱོད་དེ་འགོག་ཐབས་སམ་ མཐའ་ན་སྐྱོན་བརྗོད་ཙམ་ཡང་བྱས་མེད་པ་རེད་ཅེས་བརྗོད་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཀའ་ཁག་ཆེ་བའི་དུས་སྐབས་འདིར་༸རྒྱལ་དབང་རིན་པོ་ཆེ་ཡོད་བསམ་ནས་བློ་བདེ་པོ་བྱོས་ཞེས་མཇལ་བཅར་བ་ཚོར་བཀའ་སྩལ་མཛད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎