རྒྱ་ནག་ལ་ཇོ་མོ་གླང་མའི་རི་རྩེར་དཔལ་འབར་འཁྱེར་རྒྱུ་གལ་ཆེ།

རྒྱ་ནག་གི་ཨོ་ལིམ་ཕིག་གི་དཔལ་འབར་དེ་རི་བོ་ཇོ་མོ་གླང་མའི་རི་རྩེར་འཁྱེར་རྒྱུ་དེ་བས་གལ་གནད་ཆེ་བ་ཞིག་ཏུ་གྱུར་ཡོད་འདུག

2008.05.07

༄༅༎རྒྱ་ནག་གི་ཨོ་ལིམ་ཕིག་གི་དཔལ་འབར་དེ་རི་བོ་ཇོ་མོ་གླང་མའི་རི་རྩེར་འཁྱེར་རྒྱུ་དེ་རྒྱ་ནག་གི་གལ་

གནད་ཆེ་བའི་ལས་དོན་ཞིག་ཡིན་པའི་ཐོག་ཉེ་ཆར་བོད་ནང་བོད་མི་ཚོའི་ཞི་བའི་ངོ་རྒོལ་གྱི་ལས་འགུལ་

དེས་དེ་བས་གལ་གནད་ཆེ་བ་ཞིག་ཏུ་གྱུར་ཡོད་པ་རེད་ཅེས་གནས་ཚུལ་འཁོད་འདུག

ཨོ་ལིམ་ཕིག་གི་དཔལ་འབར་དེ་རི་བོ་ཇོ་མོ་གླང་མའི་རི་སྟེང་དུ་འཁྱེར་རྒྱུའི་རྒྱ་ནག་གི་འཆར་གཞི་དེ་ལོ་

བདུན་སྔོན་ནས་བསྒྲིགས་པའི་འཆར་གཞི་ཞིག་ཡིན་པ་རེད་

དེའི་དམིགས་ཡུལ་ནི་རྒྱ་ནག་ནང་གཅིག་སྒྲིལ་དང་གྲངས་ཉུང་མི་རིགས་བར་མཉམ་མཐུན་རྒྱལ་ཁབ་ཀྱི་

མཚན་སྙན་སོགས་ལ་ཕན་ཐོགས་བྱེད་རྒྱུའི་འཐབ་བྱུས་ཤིག་ཡིན་པ་རེད་ ད་རེས་རི་བོ་ཇོ་མོ་གླང་མའི་

སྟེང་དཔལ་འབར་འཁྱེར་མཁན་ནང་བོད་མི་དང་ རྒྱ་ནག་གི་ཧན་མི་རིགས་གཉིས་ཀར་བཅུག་སྟེ་མི་རིགས་དེ་གཉིས་དབར་མཐུན་སྒྲིལ་ཡོད་པའི་རྣམ་པ་

མཚོན་ཐབས་བྱས་པ་དང་བོད་ཐོག་རྒྱ་ནག་གི་བདག་དབང་ཡོད་ལུགས་དང་ སྤྱི་ཚོགས་མཉམ་མཐུན་

ཡོད་ཚུལ་སོགས་ཕྱི་ཕྱོགས་སུ་སྟོན་རྒྱུའི་ཆེད་དུ་ཡིན་ལུགས་དང་ དེ་བཞིན་ཡང་བོད་དེ་རྒྱ་ནག་གི་དབང་འཛིན་འོག་གནས་ཡོད་པ་དང་བོད་དེ་རྒྱ་ནག་གི་ཆ་ཤས་ཤིག་

ཡིན་པ་སོགས་གནད་དོན་དེ་གཉིས་རྒྱལ་སྤྱིའི་ཐོག་གསལ་པོ་མཚོན་ཐུབ་རྒྱུའི་ཆེད་དུ་ཡིན་ལུགས་

ཧོང་ཀོང་གྲོང་ཁྱེར་གྱི་སློབ་གྲྭ་ཆེན་མོའི་ཆབ་སྲིད་ཚན་རིག་སློབ་དཔོན་སྐུ་ཞབས་ ཇཱོ་སེཕཱ་ཀྲེང་ ཡིས་དཔྱད་ཞིབ་གནང་བའི་དགོངས་ཚུལ་གསུངས་ཡོད་པ་རེད་།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཀའ་ཁག་ཆེ་བའི་དུས་སྐབས་འདིར་༸རྒྱལ་དབང་རིན་པོ་ཆེ་ཡོད་བསམ་ནས་བློ་བདེ་པོ་བྱོས་ཞེས་མཇལ་བཅར་བ་ཚོར་བཀའ་སྩལ་མཛད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎