བོད་མི་ཞིག་རྒྱ་མིའི་ཉེས་བརྡུང་འོག་འདས་གྲོངས་སུ་ཕྱིན་ཡོད་པ།

བོད་ཚྭ་བ་མཛོ་སྒར་རྫོང་ནང་བོད་རང་བཙན་གྱི་སྐད་འབོད་སྐྱོན་མཁན་བོད་མི་གསུམ་ནང་ནས་གཅིག་རྒྱ་མིའི་ཉེས་བརྡུང་འོག་འདས་གྲོངས་སུ་ཕྱིན་པ།

2009.01.25

༄༅༎བོད་ཚྭ་བ་མཛོ་སྒར་རྫོང་ནང་བོད་རང་བཙན་གྱི་སྐད་འབོད་སྐྱོན་མཁན་བོད་མི་གསུམ་ནང་ནས་ལོ་གྲངས་ཉི་ཤུ་རྩ་བཞི་ཡིན་པའི་པད་མ་ཚེ་པ་ལགས་རྒྱ་མིའི་ཉེས་བརྡུང་འོག་འདས་གྲོངས་སུ་ཕྱིན་པའི་ཡིད་སྐྱོའི་གནས་ཚུལ་བྱུང་འདུག

ཕྱི་ཟླ་དང་པོའི་ཚེས་ཉི་ཤུ་ཉིན་བོད་ཆབ་མདོ་ཚྭ་བ་མཛོ་སྒང་རྫོང་དུ་བོད་མི་འཕྲིན་ལས་དངོས་གྲུབ་ལགས་དང་བུ་དབྱངས་དར་རྒྱས།པད་མ་ཚེ་པ་ལགས་བཅས་གསུམ་གྱིས་རས་དར་དཀར་པོའི་སྟེང་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་དར་དང་བོད་རང་བཙན་ཡིན།བོད་མི་རྩམ་ཟན་ཚང་མ་ལོངས་ཤོག།རྒྱ་མིའི་འབུ་ཟན་ཚང་མ་ཕྱིར་རྒྱུག་ཅེས་མཛོ་སྒང་རྫོང་གི་ཁྲོམ་གཞུང་དུ་སྐད་འབོད་སྐྱོན་སྐབས་རྒྱ་མིའི་ཉེན་རྟོག་པས་འཛིན་བཟུང་བྱས་ནས་ཁོང་རྣམ་པར་ཉེས་རྡུང་ཚད་མེད་བཏང་འདུག རྒྱ་མིས་ཉེས་རྡུང་གཏོང་ཡུལ་མི་སྣ་གསུམ་པོ་དེ་ཚོའི་གྲངས་ནས་པད་མ་ཚེ་པ་ལགས་ཞུ་བ་དེ་ཉེས་རྡུང་འོག་འདས་གྲོངས་སུ་གྱུར་འདུག དེའི་སྐོར་མིང་འདོན་གནང་འདོད་མེད་པའི་འབྲེལ་ཡོད་མི་སྣ་ཞིག་གིས་གནས་ཚུལ་ངོ་སྤྲོད་གནང་ཡོད་པ་དང་ཕྱི་ཚེས་ཉི་ཤུ་གསུམ་ཉིན་མཛོ་སྒང་རྫོང་གི་ཉེན་རྟོག་པ་དང་རྒྱ་མིའི་དྲག་ཆས་དམག་མི།འགྲུལ་འཁོར་ཆུང་བ་བཅོ་ལྔ་དང་ཆེ་བ་གསུམ་བཅས་ཁྱོན་འགྲུལ་འཁོར་བཅོ་བརྒྱད་ཙམ་ཚྭ་བ་བུལ་ཐོག་ཁུལ་དུ་འབྱོར་ནས་སྐད་འབོད་སྐྱོན་མཁན་བོད་མི་གསུམ་པོའི་ཁྱིམ་དུ་བསྔོགས་བཤེར་བྱས་པ་སོགས་དམ་བསྒྲགས་ཤུགས་ཆེ་བྱས་ཡོད་ཅིང་བོད་རང་བཙན་གྱི་སྐད་འབོད་སྐྱོན་མཁན་འཕྲིན་ལས་དངོས་གྲུབ་དང་བུ་དབྱངས་དར་རྒྱས་གཉིས་ད་ཆ་ཆབ་མདོ་ཁུལ་གྱི་བཙོན་ཁང་ནང་བཙོན་འཇུག་བྱས་ཡོད་པའི་གནས་ཚུལ་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎