ཁམས་གསེར་རྟ་ཁུལ་དུ་བོད་མི་ཞིག་གིས་རྒྱ་ནག་གཞུང་ལ་ངོ་རྒོལ།

བོད་མི་ངོ་རྒོལ་བ་བསོད་ནམས་རྡོ་རྡེ་ལགས་ས་ཁུལ་བོད་མི་རྣམས་ཀྱིས་སྐྱོབ་ཐབས་བྱས་ཡོད་ཀྱང་ཉེན་རྟོག་དམག་མིས་འཛིན་བཟུང་བྱས་འདུག

2010.05.10

༄༅༎བོད་ཀྱི་ཁམས་གསེར་རྟ་ཁུལ་ནས་བོད་མི་ཞིག་གིས་འདི་གའི་རླུང་འཕྲིན་ཁང་གི་གཏམ་གླེང་ཞལ་དཔར་གྱི་ལེན་ཚན་ནང་འགྲེལ་བརྗོད་གནང་དོན་ལྟར་ན་ བདུན་སྔོན་མའི་རེས་གཟའ་པ་སངས་ཕྱི་ཟླ་ལྔ་པའི་ཚེས་༧ཉིན་བོད་རིགས་དགེ་འདུན་པ་བསོད་ནམས་རྡོ་རྗེ་ཞུ་བ་ཞིག་གིས་ཉིན་རྒྱབ་ཀྱི་ཕྱག་ཚོད་གསུམ་པའི་ཐོག་གསེར་རྡ་རྫོང་ཐོག་ཏུ་ངོ་རྒོལ་སྐད་འབོད་བྱས་ཡོད་ཅིང་། ཁོང་གིས་སྐད་འབོད་བྱས་པ་མ་ཟད་ ཡིག་ཆ་ཞིག་ཀྱང་འགྲེམས་བཀྲམ་གནང་འདུག་། ཡིག་ཆ་འགྲེམས་སྤེལ་བྱས་པའི་ནང་༸གོང་ས་༸སྐྱབས་ཆེན་པོ་མཆོག་བོད་ནང་གདན་འདྲེན་ཞུ་དགོས་པ་དང་ ཁྲིམས་ལུགས་ཀྱི་རང་དབང་དགོས་པ་སོགས་བཀོད་ཡོད་པ་རེད་འདུག་། དེ་ཡང་བོད་ནས་བོད་མི་དེ་ཉིད་ཀྱིས་འགྲེལ་བརྗོད་གནང་དོན་ལ་། ཁོང་གིས་མུ་མཐུད་ནས་འགྲེལ་བརྗོད་གནང་དོན་ལྟར་ན་ འདི་ལོའི་སུམ་བཅུ་དུས་ཚིགས་ནས་བཟུང་གསེར་རྟ་ཁུལ་དུ་རྒྱ་ནག་གིས་དམ་བསྒྲགས་ཤུགས་ཆེ་ཡོད་པ་དང་ བོད་མི་ངོ་རྒོལ་བ་བསོད་ནམས་རྡོ་རྗེ་ལགས་ས་ཁུལ་དུ་འདུ་འཛོམས་གནང་བའི་བོད་མི་རྣམས་ཀྱིས་སྐྱོབ་ཐབས་བྱས་ཡོད་ཀྱང་ཞི་བའི་གྱོན་ཆས་གྱོན་པའི་ཉེན་རྟོག་དམག་མིས་མཐའ་མ་འཛིན་བཟུང་བྱས་ཡོད་པ་རེད་འདུག་། བོད་རིགས་དགེ་འདུན་པ་ངོ་རྒོལ་གནང་མཁན་ནི་ གསེར་རྟ་མཆོད་རྟེན་ཤང་ནས་ཡིན་པ་དང་ གསེར་རྟ་རྫོང་གི་ཁྱབ་ཁོངས་དགོན་པ་ཆུང་ཞིག་གི་དགེ་འདུན་པ་ཡིན་པ་བཅས་ཀྱི་གནས་ཚུལ་ངོ་སྤྲོད་གནང་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཀའ་ཁག་ཆེ་བའི་དུས་སྐབས་འདིར་༸རྒྱལ་དབང་རིན་པོ་ཆེ་ཡོད་བསམ་ནས་བློ་བདེ་པོ་བྱོས་ཞེས་མཇལ་བཅར་བ་ཚོར་བཀའ་སྩལ་མཛད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎