ཏ་ལི་སྦན་རུ་ཚོཌ་ཀྱིས་བཙན་ཁྲིད་བྱས་པའི་རྒྱ་མི་ཞིག་གློད་བཀྲོལ།

པ་ཀི་སི་ཐན་ནང་རྟེན་གཞི་བྱེད་པའི་ཏ་ལི་སྦན་རུ་ཚོགས་ཀྱིས་ན་ནིང་རྒྱ་རིགས་ཤིག་བཙན་ཁྲིད་བཀག་ཉར་བྱས་པའི་རྗེས་ཁ་ས་གློད་འགྲོལ་བཏང་བ།

2009.02.16

༄༅༎པ་ཀི་སི་ཐན་གྱི་ནང་རྟེན་གཞི་བྱེད་པའི་ཏ་ལི་སྦན་རུ་ཚོགས་ཀྱིས་དེ་ཉིན་སྤྱི་ཟླ་བརྒྱད་པའི་ཚེས་བཅུ་དགུ་ཉིན་པ་ཀི་སི་ཐན་དང་ཨཕ་ག་ནི་སི་ཐན་གྱི་ས་མཚམས་མངའ་ཁུལ་ནས་རྒྱ་ནག་གཞུང་གིས་པ་ཀི་སི་ཐན་ལ་གནས་འཕྲིན་འབྲེལ་མཐུད་ཀྱི་འཕྲུལ་ཐབས་ལག་རྩལ་གྱི་རོགས་རམ་བྱེད་མཁན་རྒྱ་རིགས་ལུང་ཞའོ་ལྦེ་དང་ཁོང་གི་རོགས་པ་གཞན་ཞིག་བཅས་ཁོང་གཉིས་ཏ་ལི་སྦན་གྱིས་བཙན་ཁྲིད་བཀག་ཉར་བྱས་པའི་རྗེས་སྤྱི་ཟླ་བཅུ་པའི་ནང་ཁོང་གཉིས་ཀྱིས་བཀག་ཉར་ནས་བྲོས་བྱོལ་དུ་བསྐྱོད་སྐབས་རོགས་པ་གཞན་དེ་བྲོས་ཐུབ་ཡོད་ཀྱང་ལུང་ཞའོ་ལྦེ་རྐང་པ་རྨས་ཏེ་བསྐྱོད་མི་ཐུབ་པར་སླར་ཡང་འཇུ་བཟུང་བྱས་ཡོད་ཀྱང་ད་རེས་གཟའ་སྤེན་པའི་ཉིན་ཏ་ལི་སྦན་གྱིས་ཁོང་གློད་འགྲོལ་བཏང་སྟེ་པ་ཀི་སི་ཐན་གྱི་པེ་ཤ་ལྦར་མངའ་ཁུལ་དུ་པ་ཀི་སི་ཐན་གྱི་གཞུང་འབྲེལ་ལ་རྩིས་སྤྲོད་བྱས་ཡོད་པ་རེད། དེ་རྗེས་ཏ་ལི་སྦན་གྱིས་གསལ་བསྒྲགས་ཤིག་ཀྱང་བྱས་ཏེ་ད་རེས་རྒྱ་རིགས་ལུང་གློད་བཀྲོལ་བཏང་བ་དེ་བཟང་ཕྱོགས་སུ་འགྲོ་བའི་རེ་བ་ཡོད་ཅེས་བཤད་ཡོད་པ་རེད། དེ་རྗེས་ལུང་ཞའོ་ལྦེ་པ་ཀི་སི་ཐན་གྱི་རྒྱ་ནག་གཞུང་ཚབ་ལས་ཁང་གིས་རྩིས་ལེན་བྱས་ཏེ་ད་ཆ་ཁོང་གང་མགྱོགས་རྒྱ་ནག་རང་ཁྱིམ་དུ་ཕྱིར་ལོག་འགྲོ་རྩིས་ཡོད་པ་རེད། རྒྱ་ནག་གཞུང་གིས་རྣམ་ཀུན་ནས་པ་ཀི་སི་ཐན་གཞུང་ལ་དྲག་ཆས་གོ་མཚོན་ཕྱིར་ཚོང་བྱེད་པ་དང་དེ་བཞིན་འཛུགས་བསྐྲུན་གྱི་གཞི་ཡུལ་ཐད་རོགས་རམ་བྱས་དང་བྱེད་བཞིན་ཡོད་པ་སོགས་རྒྱ་རིགས་མང་པོ་པ་ཀི་སི་ཐན་གྱི་ནང་ལས་ཀ་བྱེད་ཀྱི་ཡོད་པ་དེ་ཚོའི་གྲས་གཅིག་ཏ་ལི་སྦན་གྱི་ལག་པར་ཐེབས་རྗེས་གློད་འགྲོལ་བཏང་བ་ཞིག་ཡིན་པའི་གནས་ཚུལ་ཐོན་བཞག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཀའ་ཁག་ཆེ་བའི་དུས་སྐབས་འདིར་༸རྒྱལ་དབང་རིན་པོ་ཆེ་ཡོད་བསམ་ནས་བློ་བདེ་པོ་བྱོས་ཞེས་མཇལ་བཅར་བ་ཚོར་བཀའ་སྩལ་མཛད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎