གྲངས་ཉུང་མི་རིགས་ལ་ཕྱི་བསྐྱོད་ལག་འཁྱེར་སྤྲོད་རྒྱུར་དམ་དྲག


2015.05.21
རྒྱ་ནག་གི་ཕྱིར་བསྐྱོད་ལག་འཁྱེར། རྒྱ་ནག་གི་ཕྱིར་བསྐྱོད་ལག་འཁྱེར།
དྲ་བཤུས།

བོད་དང་ཡུ་གུར་གྲངས་ཉུང་མི་རིགས་ཚོར་རྒྱ་ནག་གིས་ཕྱི་བསྐྱོད་ལག་འཁྱེར་སྤྲོད་རྒྱུར་དམ་དྲག་བྱེད་ཀྱི་ཡོད་པ་རེད།
དེ་ཡང་གནས་ཚུལ་ལྟར་ན། རྒྱ་ནག་གཞུང་གིས་བོད་རིགས་དང་། ཡུ་གུར་གྲངས་ཉུང་མི་རིགས། ད་དུང་གཞུང་ལ་སྐྱོན་བརྗོད་གནང་མཁན་རྣམས་ལ་ཕྱི་བསྐྱོད་ལག་འཁྱེར་སྤྲོད་རྒྱུར་དམ་དྲག་བྱེད་ཀྱི་ཡོད་པ་རེད། རྒྱ་ནག་གུང་ཁྲན་ཏང་གཞུང་གིས་བོད་མི་དང་ཡུ་གུར་མི་རིགས་རྣམས་ལ་ཕྱི་བསྐྱོད་ལག་འཁྱེར་མི་སྤྲོད་པའི་སྲིད་བྱུས་དེ་བོད་མི་དང་ཡུ་གུར་མི་རིགས་རྣམས་ཕྱིའི་ཡུལ་ཁག་ཏུ་ལས་ཀ་དང་ཤེས་ཡོན། ཡུལ་བསྐོར་སྤྲོ་འཆམ། ལྷག་པར་དུ་ནང་མི་ཉེ་སྤུན་ཐུགས་འཕྲད་བྱེད་རྒྱུར་རྣོ་ངར་ལྡན་པའི་ལག་ཆ་ཞིག་ཏུ་འགྱུར་ཡོད་པ་རེད། ཉེ་བའི་དུས་སྐབས་དེར་ཤར་ཏུར་ཀིས་ཏན་གྱི་ཨི་ལི་ཀ་ཛག་རང་སྐྱོང་མངའ་ཁུལ་ཞེས་པའི་ནང་མི་གྲངས་ས་ཡ་༤དང་འབུམ་བཞིར་དེ་སྔོན་གཞུང་ཕྱོགས་ནས་སྤྲད་པའི་ཕྱི་བསྐྱོད་ལག་འཁྱེར་དེ་དག་གཞུང་ལ་ཕྱིར་སློག་དགོས་པ་དང་། དེ་མིན་ལག་འཁྱེར་དེ་དག་བེད་མེད་བཟོ་རྒྱུའི་བརྡ་ལན་བཏང་ཡོད་པ་རེད།           བོད་ནང་གི་བོད་རིགས་ལ་ཆ་བཞག་ན་བོད་རིགས་རྩོམ་པ་པོ་འོད་ཟེར་ལགས་ཀྱིས་ཕྱི་ལོ་ ༡༩༩༧ལོ་ནས་ཕྱི་བསྐྱོད་ལག་འཁྱེར་ཞུས་ཀྱང་། ད་བར་ཐོབ་སོན་མ་བྱུར་བར་བརྟེན་ཁོང་ཨ་མི་རི་ཀ་དང་། ཇར་མ་ནིའི་ནང་རྩོམ་བྲིས་ཀྱི་ལས་ཀ་ཐོབ་ཀྱང་དེ་དག་བྱེད་མ་ཐུབ་པ་བཟོས་ཡོད་པ་རེད། ད་དུང་རྒྱ་ནག་གཞུང་གིས་གྲངས་ཉུང་མི་རིགས་དང་གཞུང་ལ་སྐྱོན་བརྗོད་གནང་མཁན་རྣམས་ལ་ཕྱི་བསྐྱོད་ལག་འཁྱེར་མ་སྤྲོད་པའི་སྲིད་བྱུས་དེ་རྒྱ་ནག་གི་སྤྱི་ཚོགས་བརྟན་ལྷིང་ཆེད་ཡིན་སྐོར་རྒྱུ་མཚན་བཤད་ཀྱི་ཡོད་ནའང་ཁོང་ཚོས་དེ་སྲིད་དོན་ཁོ་ན་ལས་གཞན་རྒྱུ་མཚན་གང་ཡང་མེད་སྐོར་བརྗོད་ཀྱི་ཡོད་པ་རེད།
སྤྱིར་བཏང་རྒྱ་ནག་ནང་ཕྱི་ལོ་༡༩༩༠ནས་བཟུང་མི་སེར་རྣམས་ཕྱིའི་ཡུལ་ཁག་ཏུ་བསྐྱོད་ཆོག་པའི་ཆོག་མཆན་སྤྲོད་འགོ་འཛུགས་ནས་ད་བར་རྒྱ་མི་ས་ཡ་མང་པོ་ཕྱིའི་ཡུལ་ཁག་ཏུ་བསྐྱོད་ཟིན་ཡོད་པ་དང་། དཔེར་ན་འདས་པའི་ལོ་དེ་གཅིག་པོར་རྒྱ་མི་རིགས་ས་ཡ་༡༠༧ཕྱིའི་ཡུལ་ཁག་ཏུ་བསྐྱོད་ཡོད་པའི་གནས་ཚུལ་ཐོན་འདུག

གསར་འགོད་པ་ལྷུན་གྲུབ་ཚེ་རིང་།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཀའ་ཁག་ཆེ་བའི་དུས་སྐབས་འདིར་༸རྒྱལ་དབང་རིན་པོ་ཆེ་ཡོད་བསམ་ནས་བློ་བདེ་པོ་བྱོས་ཞེས་མཇལ་བཅར་བ་ཚོར་བཀའ་སྩལ་མཛད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎