ཨ་རིའི་རྒྱལ་སྲུང་བློན་ཆེན་མཆོག་ལྷོ་རྒྱ་ནག་རྒྱ་མཚོའི་ཁུལ་དུ་ཕེབས་པ།


2016.04.15
ཨ་རིའི་རྒྱལ་སྲུང་དྲུང་ཆེ་Ashton Carter་མཆོག་ལྷོ་རྒྱ་ནག་རྒྱ་མཚོའི་ཁུལ་དུ་ཡོད་པའི་ཨ་རིའི་དམག་གྲུར་གཟིགས་ཞིབ་གནང་བ། ༢༠༡༦།༤།༡༥ ཨ་རིའི་རྒྱལ་སྲུང་དྲུང་ཆེ་Ashton Carter་མཆོག་ལྷོ་རྒྱ་ནག་རྒྱ་མཚོའི་ཁུལ་དུ་ཡོད་པའི་ཨ་རིའི་དམག་གྲུར་གཟིགས་ཞིབ་གནང་བ། ༢༠༡༦།༤།༡༥
U.S. Navy

ཨ་རིའི་རྒྱལ་སྲུང་དྲུང་ཆེ་Ashton Carter་ཚེས༡༥་གཟའ་པ་སངས་ཉིན་རྒྱབ། ལྷོ་རྒྱ་ནག་རྒྱ་མཚོའི་ཁུལ་དུ་ཡོད་པའི་ཨ་རིའི་དམག་གྲུ་USS John C,Stennisཐོག་གཟིགས་ཞིབ་གནང་བར་ཕེབས་ཡོད་པ་དང་། ཨ་རིའི་སྲུང་སྐྱོབ་དྲུང་ཆེ་མཆོག་ལྷོ་རྒྱ་ནག་རྒྱ་མཚོའི་མཚོ་ཁུལ་དུ་འགྲེམས་འཇོག་བྱས་པའི་ཨ་རིའི་དམག་གྲུའི་ཐོག་གཟིགས་ཞིབ་ཏུ་ཕེབས་རྒྱུ་དེས། མཚོ་ཁུལ་དེའི་བདག་དབང་ཐོག་རྩོད་གླེང་བྱེད་མཁན་གྱི་ཕེ་ལི་ཕིངསེ་སོགས་ཨ་རིའི་མཐུན་ཕྱོགས་རྒྱལ་ཁབ་ཚོར་རྒྱབ་སྐྱོར་གྱི་རྣམ་འགྱུར་ཞིག་མཚོན་གྱི་ཡོད་ཅིང་། རྒྱ་ནག་གཞུང་གིས་མཚོ་ཁུལ་དེའི་བདག་དབང་རྒྱ་ནག་ཁོ་ནར་ཡོད་ལུགས་བཤད་ནས་དེའི་ཁུལ་དུ་བཅོས་མའི་གླིང་ཕྲན་བཟོ་སྐྲུན་བྱས་པ་སོགས་དམག་དོན་རྟེན་གཞི་འཛུགས་བཞིན་ཡོད་པར་བདག་དབང་ཐོག་རྩོད་གླེང་བྱེད་མཁན་ཡུལ་གྲུ་ཁག་གིས་སྐྱོན་བརྗོད་ཤུགས་ཆེ་བྱེད་བཞིན་ཡོད་པ་རེད། ཨ་རིའི་སྲུང་སྐྱོབ་དྲུང་ཆེ་Carter་གྱིས་ཨ་རི་དང་ཕེ་ལི་ཕེང་སེ་དམག་དཔུང་དབར་དུས་ཡུན་ཉིན་གྲངས་བཅུའི་རིང་ཟུང་འབྲེལ་དམག་དོན་སྦྱོང་བརྡར་མཇུག་སྒྲིལ་བའི་མཛད་སྒོའི་སྐབས་ཨ་རིའི་མཐུན་ཕྱོགས་རྒྱལ་ཁབ་ཚོའི་རང་དབང་དང་། བདེ་འཇགས་ལ་སྲུང་སྐྱོབས་ཆེད་ཁོང་ཚོར་རྒྱབ་སྐྱོར་བྱ་རྒྱུ་ཡིན་པའི་སྐོར་གསུང་བཤད་གནང་ཡོད་པ་རེད། དེ་དང་འབྲེལ་ཨ་རིའི་སྲུང་སྐྱོབ་དྲུང་ཆེ་མཆོག་ནས་གཟའ་ཕུར་བུའི་ཉིན་ཨ་རི་དང་ཕི་ལེ་ཕིངསེ་མཚོ་དམག་དབར་ཟུང་འབྲེལ་ཐོག་ནས་མཚོ་ཁུལ་བསྐོར་གཡེངས་ཀྱི་ལས་དོན་སྤེལ་རྒྱུའི་ཐག་གཅོད་བྱུང་བ་ཕྱིར་བསྒྲགས་གནང་ཡོད་པ་རེད།
རྒྱ་ནག་གཞུང་གིས་ལྷོ་རྒྱ་ནག་རྒྱ་མཚོའི་མཚོ་ཁུལ་གླིང་ཕྲན་ཡོངས་རྫོགས་ཀྱི་བདག་དབང་རྒྱ་ནག་ལ་ཡོད་ལུགས་བཤད་ནས། དེང་སྐབས་མཚོ་ཁུལ་དེའི་ནང་འཛུགས་བསྐྲུན་རྒྱ་བསྐྱེད་གཏོང་བཞིན་ཡོད་པ་ཡིན་ནའི་མཚོ་ཁུལ་དེའི་ཐོག་ཕེ་ལེ་ཕིངསེ་དང་། བེཐ་ནམ། མ་ལ་ཡའི་ཤི་ཡ། བུར་ནིའི། ཐེ་ཝན་བཅས་ཀྱི་ཀྱང་བདག་དབང་ཡོད་པའི་རྩོད་གླེང་བྱེད་ཀྱི་ཡོད་པ་རེད།

གསར་འགོད་པ་འཆི་མེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎