དབྱིན་ཇིའི་རྒྱལ་སྲས་ཀྱི་འཁྲུངས་ས་དང་འབྲེལ་བའི་སྐོར།
2011.02.22
༄༅༎རིང་མིན་དབྱིན་ཇིའི་རྒྱལ་སྲས་ལྦི་ལི་ཡེམ་གྱི་འཁྲུངས་ས་དེ་ནི་དབྱིན་ཇིའི་རྒྱལ་པོའི་ཁྱིམ་རྒྱུད་ཀྱི་འཁྲུངས་ས་ཡིན་པ་འཛམ་གླིང་མི་དམངས་ཀྱིས་དོ་སྣང་བྱེད་ཀྱི་ཡོད་པར་བརྟེན་ནས་རྒྱ་ནག་གི་དྲ་རྒྱའི་ཐོག་དམར་ཤོག་ཚོགས་པའི་ཆེས་མཐོའི་དཔོན་རིགས་ཀྱི་བུ་ཕྲུག་ཕན་ཚུན་དགའ་རོགས་སྒྲིག་གི་ཡོད་པའི་འདྲ་པར་ཕྱིར་བསྒྲགས་བྱས་ཏེ་བགྲོ་གླེང་བྱེད་ཀྱི་ཡོད་པ་རེད།
དེ་ཡང་འདི་ལོའི་ལོ་མཇུག་ཏུ་དབྱིན་ཇིའི་རྒྱལ་སྲས་ལྦི་ལི་ཡེམ་གྱི་འཁྲུངས་སའི་རྟེན་འབྲེལ་གནང་རྒྱུ་ཡིན་པ་དེ་ནི། དབྱིན་ཇིའི་རྒྱལ་རྒྱུད་ཀྱི་འཁྲུངས་ས་ཞིག་ཡིན་པ་དང༌། རྒྱ་ནག་ནང་དུ་འདི་ལོ་རྒྱལ་རྒྱུད་ཀྱི་གཉེན་སྒྲིག་བྱེད་རྒྱུ་མེད་ནའང། རྒྱ་ནག་གི་ཆེས་དབང་ཤུགས་ལྡན་པའི་གསར་བརྗེའི་ཁྱིམ་ཚང་གཉིས་ཀྱི་བུ་ཕྲུག་ན་ནིང་བོད་དུ་བལྟ་སྐོར་དུ་བསྐྱོད་དེ་རྒྱབ་པའི་འདྲ་པར་དྲ་རྒྱའི་ཐོག་ནས་ཕྱིར་བསྒྲགས་བྱས་ཏེ། ཁོང་གཉིས་གཉེན་སྒྲིག་བྱས་ན། བཟའ་ཚང་ཆ་འཚམ་པོ་ཡོང་བ་དང༌། ཡང་ཁག་ཅིག་གིས། ཁོང་གཉིས་མཉམ་དུ་རྒྱབ་པའི་འདྲ་པ་དེ་ནི། གཉེན་སྒྲིག་བྱ་རྒྱུའི་རྟགས་མཚན་ཡིན་སྲིད་པ་དང༌། གལ་ཏེ་ཁོང་གཉིས་དངོས་ནས་གཉེན་སྒྲིག་བྱས་ན་རྒྱ་ནག་ནང་གི་ཆབ་སྲིད་ཀྱི་དབང་ཤུགས་འདྲ་མཉམ་གྱི་ཁྱིམ་ཚང་ཞིག་ཡོང་རྒྱུ་ཡིན་པ་རེད་ཅེས་བགྲོ་གླེང་བྱེད་ཀྱི་ཡོད་པ་རེད། འདྲ་པར་དེའི་ནང་གི་བུ་དེ་ནི་ལོ་༢༤ཡིན་པའི་ཕོའོ་གུ་གུཨ་ཡིན་པ་དང༌། ཁོང་ནི་ཨོཀ་སི་ཕོདྲ་ཡི་ཧེ་རོའོ་དང་སྦེ་ལིཡོལ་མཐོ་རིམ་སློབ་གྲ་འགྲིམས་མྱོང་ཡོད་པ་དང༌། ཁོང་གི་ཁྱིམ་རྒྱུད་ནི་རྒྱ་ནག་གི་ཀྲོང་ཆིང་གྲོང་ཁྱེར་གྱི་དམར་ཤོག་ཚོགས་པའི་འགོ་ཁྲིད་ཕོའོ་ཤི་ལའེ་ཡི་བུ་ཡིན་པ་མ་ཟད། ཁོང་གི་སྤོ་བོ་ནི་སྐད་གྲགས་ཆེ་བའི་གསར་བརྗེ་པ་ཕོའོ་ཡི་བོ་ཡིན་ཞིང༌། ཡང་འདྲ་པར་དེའི་ནང་གི་བོུ་དེ་ནི་ཁྲེན་ཤིའོ་ཏན་ཟེར་བ་དང། ཁོང་ཡང་སྐད་གྲགས་ཆེ་བའི་གསར་བརྗེའི་ཁྱིམ་རྒྱུད་ནས་ཡིན་པ་མ་ཟད། ཁོང་གི་ཕ་ནི་རྒྱ་ནག་ནང་ཧ་ཅང་གི་སྐད་གྲགས་ཆེ་ལ་ཤུགས་རྐྱེན་ལྡན་པའི་རྒྱ་ནག་གི་ཡར་རྒྱས་དངུལ་ཁང་གི་འགོ་ཁྲིད་ཁྲེན་ཡུའན་གྱི་བོུ་ཡིན་པ་རེད།