རྒྱ་ནག་བྱང་ཤར་དུ་མི་གསོད་དོགས་གཞི་ཅན་ཞིག་འཛིན་བཟུང༌།

རྒྱ་ནག་གི་ལའོ་ནིང་ཞིང་ཆེན་གྱི་ས་ཁུལ་ཞིག་ནང་མི་བཅུ་གསོད་མཁན་གྱི་དོགས་ཅན་གྱི་མི་འཛིན་བཟུང་བྱས་ཡོད་པའི་གནས་ཚུལ།

2011.04.15

༄༅༎དེ་རིང་རེས་གཟའ་པ་སངས་ཉིན་རྒྱ་ནག་གི་བྱང་ཤར་ལའོ་ནིང་ཞིང་ཆེན་གྱི་ཉེན་རྟོག་པར་བཤད་དོན། ལའོ་ནིང་ཞིང་ཆེན་གྱི་ས་ཁུལ་ཞིག་ནང་མི་བཅུ་གསོད་མཁན་གྱི་དོགས་ཅན་གྱི་མི་འཛིན་བཟུང་བྱས་ཡོད་པ་དང༌། མི་བཅུ་པོ་ཤི་བ་དེའི་ནང་དུ་འཛིན་བཟུང་བྱས་པའི་མི་དེའི་ཕ་དང་བཟའ་ཟླ། བུ་བཅས་ཡོད་པ་རེད།

ལོ་ན་༣༣ཡིན་པའི་ཀྲུའུ་ཡུའུ་ཤིན་ནི་མི་བཅུ་པོ་གསོད་མཁན་དོགས་གཞི་ཅན་གྱི་མི་དེ་ཡིན་ཞིང༌། རེས་གཟའ་ཕུར་བུའི་ཉིན་ལའོ་ནིང་ཞིང་ཆེན་གྱི་ཉེན་རྟོག་པས་མི་བཅུ་པོ་གསོད་ཡུལ་ཨན་ཧྲན་གྲོང་ཁྱེར་ནས་རི་ལིའི་འགྲོ་ལམ་བར་ཚོུད་གཅིག་གི་སར་ཡོད་པའི་གྲོང་ཁྱེར་ཞིག་ནང་ནས་འཛིན་བཟུང་བྱས་པ་དང༌། ཉེན་རྟོག་པར་མི་བསད་པའི་ཕུང་པོ་དེ་རྣམས་རེས་གཟའ་ཕུར་བུའི་ཉིན་ཨན་ཧྲན་གྲོང་ཁྱེར་གྱི་ནིང་ཡོན་ས་གནས་ཀྱི་གྲོང་གསེབ་ས་ཁུལ་ཞིག་གི་ཁྲུས་ཁང་དང་དེའི་ཉེ་འཁྲིས་སུ་ཡོད་པའི་མོ་ཊ་འཁྲུ་ས་ནས་རྙེད་སོན་བྱུང་སྟེ། ཕུང་པོ་རྙེད་སོན་བྱུང་བ་དེའི་ནང་དུ་ཀྲུའུ་ཡུ་ཤིན་ཡི་ཕ་དང༌། བཟའ་ཟླ། བུ། འཁྲུས་ཁང་དེའི་ནང་དུ་ལས་ཀ་བྱེད་མཁན་བེུད་གཅིག་ཀྲུའུ་ཡུ་ཤིན་ཡི་ཁང་བདག་གི་ནང་མི་གསུམ། མོ་ཊ་འཁྲུ་མཁན་ལས་མི་གསུམ་བཅས་ཡོད་པ་རེད། ཏ་དབྱང་ཆི་ས་གནས་གྲོང་གསེབ་པ་ཚོས། ཀྲུའུ་ཡི་ཁྱིམ་ཚང་ནི་མི་གསོད་ཀྱི་ཕུང་པོ་རྙེད་ཡུལ་དེ་ནས་ཀི་ལོ་མི་ཊར་འགའ་ཤས་སར་ཡིན་པ་དང༌། ཁོང་གི་ཁྱིམ་རྒྱུད་དུ་སེམས་ཁམས་ཀྱི་ནད་གཞི་ཡོད་པའི་ལོ་རྒྱུས་ཡོད་པ་འགྲེལ་བརྗོད་བྱས་པ་རེད། སེམས་ཁམས་སྨན་པས། ཁྱིམ་རྒྱུད་ཀྱི་སེམས་ཁམས་ནད་གཞི་ཡོད་པ་དེ་ཡིས་ཀྲུའུ་ལ་ཤུགས་རྐྱེན་ཐབས་སྲིད་པ་ཡིན་ཡང༌། ཀྲུའུ་རང་ཉིད་ལ་སེམས་ཁམས་ཀྱི་ནད་གཞི་ཡོད་མེད་བརྟག་དཔྱད་བྱ་དགོས་ཀྱི་ཡོད་པ་བཤད་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎