བོད་དུ་རྡུང་རྡེག་ཚ་ནན་ཟེར་བའི་མུ་མཐུད་ལག་བསྟར།

ལྷ་སའི་ནང་ཉེན་རྟོག་དང་དྲག་ཆས་དམག་མིས་རྡུང་རྡེག་ཚན་གཏོང་བའི་ལས་འགུལ་དེ་མུ་མཐུད་ལག་བསྟར་ཤུགས་ཆེ་བྱེད་བཞིན་ཡོད་པ།

2010.03.11

༄༅༎བོད་ཀྱི་རྒྱལ་ས་ལྷ་སའི་ནང་ཉེན་རྟོག་དང་དྲག་ཆས་དམག་མིས་རྡུང་རྡེག་ཚ་ནན་གཏོང་བའི་ལས་འགུལ་དེ་མུ་མཐུད་ལག་བསྟར་ཤུགས་ཆེ་བྱེད་བཞིན་ཡོད་པའི་གནས་ཚུལ་ཐོན་འདུག་༎

བོད་མིའི་རང་དབང་སྒེར་ལངས་འཆར་ལ་ཉེ་བའི་དུས་ཚིགས་དང་སྟབས་བསྟུན་སྟེ་ཕྱི་ཟླ་འདིའི་ཚེས་༢ཉིན་ནས་བཟུང་རྒྱ་ནག་གཞུང་གིས་བོད་ཀྱི་རྒྱལ་ལ་ལྷ་ས་གཙོ་བོར་འགྱུར་བའི་བོད་ཀྱི་ས་ཁུལ་ཁག་ནང་གཞི་རྒྱ་ཆེ་བའི་རྡུང་རྡེག་ཚ་ནན་གཏོང་བའི་ལས་འགུལ་སྤེལ་འགོ་ཚུགས་ཡོད་པ་དང་ ལས་འགུལ་དེའི་འོག་ལྷ་སའི་ནང་སྤྱི་བདེ་ཉེན་རྟོག་པ་དང་དྲག་ཆས་ཉེན་རྟོག་དམག་མི་༡༥༠༠ལྷག་ཁ་སྣོན་དཔུང་འཇོག་བྱས་ཏེ་ དམ་བསྒྲགས་ཀྱི་སྐོར་གཡེང་དང་ སྡོད་ཁང་ཞིབ་བཤེར་་ དོགས་གཞི་ཅན་གྱི་བོད་མི་གང་བྱུང་འཇུ་བཟུང་དང་འགྲོ་བསྐྱོད་བཀག་སྡོམ་བཅས་་ དྲག་པོའི་ཁྲིམས་གཞི་བཀོད་བསྡོམས་ལྟ་བུའི་གནས་སྟངས་སུ་གྱུར་ཡོད་པ་རེད་ ནི་ཡེང་རེ་ས་གནས་སྤྱི་བདེ་ཉེན་རྟོག་ལས་ཁུངས་ཀྱི་ཉེན་རྟོག་པ་ཞིག་གིས་ཕེརན་སི་གསར་འགྱུར་ལས་ཁང་གིས་འདྲི་བར་ལན་འབེབས་བྱས་པའི་ནང་རྡུང་རྡེག་ཚ་ནན་གཏོང་བའི་ལས་འགུལ་དེ་བཞིན་བོད་རང་བཙན་ལ་སོགས་པའི་ལས་འགུལ་ཐོག་དམ་བསྒྲགས་དང་ནག་ཉེས་ཁྲིམས་འགལ་གྱི་བྱ་སྤྱོད་བཀག་བསྡོམས་བྱེད་རྒྱུའི་དམིགས་ཡུལ་བཟུང་ཡོད་པའི་སྐོར་འགྲེལ་བརྗོད་བྱས་པ་དང་ རྡུང་རྡེག་ཚ་ནན་གྱི་ལས་འགུལ་དེ་ཕྱི་ཟླ་༣པའི་མཇུག་མཚམས་སུ་མཚམས་འཇོག་བྱ་སྲིད་ཀྱང་ དམ་བསྒྲགས་མཚམས་འཇོག་གི་དུས་ཚེས་ཁ་གསལ་མེད་ལུགས་སྐོར་གསལ་འདོན་བྱས་བཞག ཡང་བོད་རང་སྐྱོང་ལྗོངས་ཀྱི་གུང་དྲན་ཏང་གི་གཙོ་འཛིན་གཞོན་པ་ཀྲང་ཡི་ཤོང་གིས་བོད་ཉིན་རེའི་གསར་ཤོག་ཐོག་བརྗོད་དོན་ལྟར་ན་ སྤྱི་བདེ་ཉེན་རྟོག་པ་དང་བདེ་འཇགས་དམག་མི་ཚོས་ སྤྱི་ཚོགས་བརྟན་ལྷིང་དང་མེས་རྒྱལ་ཆིག་སྒྲིལ་སྲུང་སྐྱོབ་ཀྱི་དོན་དུ་ཧུར་བརྩོན་གྱི་ལས་དོན་གྲུབ་བཞིན་པ་དང་ རྒྱལ་ཁབ་ཁ་བྲལ་གྱི་ལས་འགུལ་དང་སྤྱི་ཚོགས་ཀྱི་བརྟན་ལྷིང་ལ་གཏོར་ཤིག་གཏོང་བའི་བྱ་སྤྱོད་འགོག་ཐབས་སུ་དྲག་གནོན་ཤུགས་ཆེ་བྱེད་རྒྱུ་ཡིན་ཞེས་གསལ་འདོན་བྱས་ཡོད་པ་རེད་ རྒྱ་ནག་གཞུང་གི་བོད་ཀྱི་རྒྱལ་ས་ལྷ་ས་གཙོས་པའི་ཉེ་འཁོར་བོད་ཀྱི་ས་ཁུལ་ཁག་ནང་རྡུང་རྡེག་ཚ་ནན་གྱི་ལས་འགུལ་འོག་ད་ཕན་བོད་མི་བཞི་བརྒྱ་ལྷག་ཙམ་འདུ་སྐོང་བྱས་ཡོད་པ་དང་དེའི་ཁོངས་ནས་བོད་མི་༡༤ཙམ་ལ་ནག་ཉེས་ཁ་གསལ་མེད་ཀྱང་ ཁྲིམས་ཐོག་ནས་འཇུ་བཟུང་བཀག་ཉར་བྱས་ཡོད་པ་རེད་༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎