རྒྱ་ནག་མི་མང་ནས་ཨ་རིར་འབྲེལ་བ་སྡུག་ཏུ་ཕྱིན་པར་ངོས་འཛིན།

རྒྱ་ནག་མི་མང་ཕྱེད་ཀ་ལྷག་ཙམ་གྱིས་༢༠༡༠ལོར་རྒྱ་ནག་དང་ཨ་རི་གཉིས་དབར་གྱི་འབྲེལ་བ་ཇེ་སྡུག་ཏུ་ཕྱིན་ཡོད་པར་ངོས་འཛིན་བྱས་འདུག

2011.01.17

༄༅༎རྒྱ་ནག་གི་སྲིད་འཛིན་ཧུ་ཅིང་ཏའོ་ཨ་རིའི་ནང་གཞུང་འབྲེལ་ལྟ་སྐོར་ལ་མ་ཐོན་གོང་རྒྱ་ནག་ཉིན་རེའི་གསར་ཤོག་གིས་རྒྱ་ནག་མང་ཚོགས་ཀྱི་བསམ་ཚུལ་བསྡུ་ལེན་བྱས་པའི་ནང་ རྒྱ་ནག་མི་མང་ཕྱེད་ཀ་ལྷག་ཙམ་གྱིས་༢༠༡༠ལོར་རྒྱ་ནག་དང་ཨ་རི་གཉིས་དབར་གྱི་འབྲེལ་བ་ཇེ་སྡུག་ཏུ་ཕྱིན་ཡོད་པར་ངོས་འཛིན་བྱས་འདུག།

རྒྱ་ནག་མི་མང་ཉིན་རེའི་གསར་ཤོག་གིས་ཟླ་བ་སྔོན་མར་རྒྱ་ནག་མི་མང་༡༤༤༣གི་བསམ་ཚུལ་བསྡུ་ལེན་བྱས་པའི་ནང༌། མི་༡༠ནང་༤ས་རྒྱ་ནག་དང་ཨ་རི་གཉིས་དབར་གྱི་འབྲེལ་བ་ཡག་པོ་མེད་པའི་བསམ་ཚུལ་བཏོན་ཡོད་པ་དང༌། དེའི་ནང་ནས་བསམ་ཚུལ་བརྗོད་མཁན་བརྒྱ་ཆ་༨༠ས་ཕྱོགས་གཉིས་དབར་གྱི་འབྲེལ་བ་ཇེ་སྡུག་ཏུ་ཕྱིན་པའི་ལེ་ཁག་ཨ་རིའི་སྲིད་འཛིན་ཨོ་བ་མ་ཐོག་བཙུགས་འདུག།

དེ་བཞིན་བརྒྱ་ཆ་༩༠ལྷག་ཙམ་གྱིས་རྒྱ་ནག་དང་ཨ་རི་གཉིས་དབར་འབྲེལ་ལམ་བཟང་པོ་དགོས་རྒྱུ་དེ་གནད་དོན་གལ་ཆེ་ཞིག་ལ་རྩིས་ཡོད་པ་དང༌། བསམ་ཚུལ་བསྡུ་མཁན་༡༠ནང་ནས་༦གིས་མ་འོངས་པར་རྒྱལ་ཁབ་གཉིས་དབར་གྱི་འབྲེལ་བ་སྲ་བརྟན་གནས་པའི་རེ་བ་བྱས་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎