ཧོང་ཀོང་གི་ཡེ་ཤུའི་ཆོས་དཔོན་གསར་འདེམས།

ཡེ་ཤུའི་བླ་ཆེན་མཆོག་གིས་སྐུ་སྒེར་ལས་ཁུངས་ནས་གསལ་བསྒྲགས་ཤིག་སྤེལ་ཡོད་པ་དེའི་ནང་གསལ་ཧོང་ཀོང་གི་ཡེ་ཤུའི་ཆོས་དཔོན་གསར་འདེམས།

2009.04.16

༄༅༎ཡེ་ཤུའི་བླ་ཆེན་མཆོག་གིས་ཧོང་ཀོང་ནང་ཡེ་ཤུའི་ཆོས་དཔོན་གསར་པ་ཞིག་བསྐོ་བཞག་གནང་འདུག

དེ་ཡང་ཡེ་ཤུའི་བླ་ཆེན་མཆོག་གིས་སྐུ་སྒེར་ལས་ཁུངས་ནས་ད་རིང་གསལ་བསྒྲགས་ཤིག་སྤེལ་ཡོད་པ་དེའི་ནང་གསལ་ལྟར་ན་ཡེ་ཤུའི་བླ་ཆེན་མཆོག་གིས་ཧོང་ཀོང་ནང་གི་རོ་མན་ཀེ་ཐོ་ལིག་ཆོས་ལུགས་ཀྱི་ཆོས་དཔོན་ཀར་དྲི་ནལ་ཇོ་སེབ་དྲན་དྲི་ཀུན་མཆོག་དགུང་ལོ་མཐོ་བས་རྒས་ཡོལ་དུ་ཕེབས་རྒྱུའི་ཚབ་ཏུ་ཇོན་ཀྲོན་ཧོན་མཆོག་བསྐོ་འདེམས་གནང་ཡོད་འདུག

གསར་དུ་བསྐོ་འདེམས་བྱུང་བའི་ཆོས་དཔོན་ཇོན་ཀྲོང་གིས་ཡེ་ཤུའི་བླ་ཆེན་གྱི་ལས་ཁུངས་དང་རྒྱ་ནག་དབར་འབྲེལ་བ་ཟབ་ཏུ་གཏོང་རྒྱུར་དགོངས་པ་གུ་ཡངས་ཙམ་བཞེས་རྒྱུ་ཡིན་ལུགས་ཀྱང་འགྲེལ་བརྗོད་གནང་འདུག ད་ལྟའི་ཆར་རྒྱ་ནག་གཞུང་ནས་རྒྱ་ནག་ནང་གི་ཡེ་ཤུའི་ཆོས་དཔོན་དང་འབྲེལ་ཡོད་ཚོ་ཡེ་ཤུའི་བླ་ཆེན་མཆོག་གི་ལས་ཁུངས་ནས་ཐེ་བྱུས་གནང་བཅུག་གི་མེད་པ་མ་ཟད་ཕྱོགས་གཉིས་དབར་འབྲེལ་བ་ཡག་པོ་མེད་པ་དང་ལྷག་པར་དུ་ཡེ་ཤུའི་ཆོས་བྱེད་པ་ཁག་ཅིག་གསང་བའི་ཐོག་ནས་མ་གཏོགས་ཆོས་ཁྱབ་སྤེལ་བྱེད་མི་ཆོག་པ་བཅས་གང་ལྟར་རྒྱ་ནག་གཞུང་ནས་དམ་བསྒྲགས་ཤུགས་ཆེ་བྱས་དང་བྱེད་བཞིན་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎