ཡེ་ཤུའི་བླ་ཆེན་གྱིས་སི་རི་ཡའི་གཞུང་ལ་རེ་འདུན།

ཡེ་ཤུའི་བླ་ཆེན་གྱིས་སི་རི་ཡའི་གཞུང་ལ་མི་མང་གི་དགོས་འདུན་བསྒྲུབ་དགོས་པའི་དེད་སྐུལ་གནང་བ།

2012.02.12

༄༅༎ཡེ་ཤུའི་བླ་ཆེན་གྱིས་སི་རི་ཡའི་གཞུང་ལ་མི་མང་གི་དགོས་འདུན་བསྒྲུབ་དགོས་པའི་སྐུལ་དེད་གནང་ཡོད་པའི་གནས་ཚུལ་ཐོན་འདུག
ཡེ་ཤུའི་བླ་ཆེན་གྱི་གདན་ས་ཆེན་མོ་ རོམ་ནས་རོའི་ཊརྶེ་གསར་ལས་ཁང་སོགས་ཀྱིས་གནས་ཚུལ་སྤེལ་བར་གཞིགས་ན། རེས་གཟའ་ཉི་མའི་ཉིན་བླ་ཆེན་པོཔ་བྭེ་ནེ་ཌིཀྚེ་(Pope Benedict) མཆོག་གིས་སི་རི་ཡའི་གཞུང་ལ་མི་མང་གི་ཁྲིམས་མཐུན་དགོས་འདུན་ཁག་ངོས་ལེན་གྱིས་རྒྱལ་ཡོངས་སུ་འགྲིག་འཇགས་ཀྱི་གྲོས་མོལ་འགོ་འཛུགས་ཀྱིས་དྲག་གནོན་མཚམས་འཇོག་དགོས་པའི་སྐུལ་དེད་གནང་འདུག སྔ་ལོ་ཕྱི་ཟླ་གསུམ་པའི་མིང་མང་གིས་གཞུང་ལ་ངོ་རྒོལ་འགོ་བཙུགས་ནས་བཟུང་ད་བར་ཡུལ་མི་ལྔ་སྟོང་ལྷག་གི་ཚེ་སྲོག་ཤོར་ཡོད་ཀྱང་གཞུང་གིས་ཉིས་སྟོང་ཙམ་ལས་བསད་མེད་ལུགས་འགྲེལ་བརྗོད་བྱེད་བཞིན་པ་རེད། རེས་གཟའ་ཉི་མའི་ཉིན་བླ་ཆེན་པོཔ་བྭེ་ནེ་ཌིཀྚེ་མཆོག་གིས་ དད་ལྡན་གནས་སྐོར་བ་ཚོར་བདུན་རེའི་མཛལ་ཁ་གནང་བའི་སྐབས་ སི་རི་ཡའི་དབུ་ཁྲིད་རྣམ་པས་ནང་འཁྲུགས་ཀྱི་འཐབ་རྩོད་ཐད་རྒྱ་སྤྱིའི་སྤྱི་ཚོགས་ཀྱིས་བློ་འཚབ་ཆེན་པོ་གནང་བཞིན་པ་དེར་ངེས་པར་དུ་བསམ་ཤེས་ཀྱིས་མི་མང་གི་ཁྲིམས་མཐུན་དགོས་འདུན་ཁག་བསྒྲུབས་ཐབས་བྱ་དགོས་ཀྱི་རེད་ཅེས་གསུངས་གནང་འདུག། 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎