གཞས་པ་གྲགས་ཅན་མཆོག་གསལ་འཛིན་བཟུང༌།
2012.08.19
༄༅༎ཉེ་ལམ་རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་པའི་བོད་ཀྱི་གཞས་པ་གྲགས་ཅན་ཁམས་ནག་ཤོས་འབྲི་རུ་རྫོང་ནས་ཡིན་པའི་མཆོག་གསལ་ད་ལྟ་གར་ཡོད་དང་། ཁོང་གི་གནས་སྟངས་ཇི་ཆགས་ཀྱི་གནས་ཚུལ་ཤེས་རྟོགས་མེད་པ་འགྱུར་ཡོད་པ་རེད།
རྒྱ་ནག་གཞུང་གིས་བོད་ནང་རིག་གནས་གསར་བརྗེ་སྐྱར་གསོ་བྱེད་པ་ལྟ་བུའི་བོད་མི་རིགས་ཀྱི་ལ་རྒྱ་ རྩ་ཆེར་འཛིན་མཁན་རྩོམ་བྲིས་པ་དང་། གཞས་པ། གློག་བརྙན་བཟོ་མཁན་གྱི་མཚོན་སྒྱུ་རྩལ་བའི་ཐོག་དྲག་གནོན་ཤུགས་ཆེ་བྱེད་བཞིན་པ་དང་། རྒྱ་ནག་གཞུང་གིས་འདི་ཕྱི་ཟླ་༢པའི་ནང་སྤྱི་ནོར་༸གོང་ས་མཆོག་དང་བཀའ་བློན་ཁྲི་པར་བསྟོད་དབྱངས་ཕུལ་མཁན་གཞས་པ་གྲགས་ཅན་ཨོ་རྒྱན་བསྟན་འཛིན་འཛིན་བཟུང་གིས་རྗེས།ཕྱི་ཟླ་༤་པའི་ནང་སྐྱེ་རྒུ་མདོ་ཁུལ་ནས་ཡིན་པའི་ན་གཞོན་གཞས་པ་གྲགས་ཅན་བློ་བློ་འཛིན་བཟུང་བྱས་པའི་རྗེས། ད་རེས་ཕྱི་ཟླ་༧་པའི་ནང་གདོང་དམར་བོད་པའི་རྨི་ལམ་ཞེས་པའི་གླུ་གཞས་གཏོང་མཁན་ན་གཞོན་གཞས་པ་གྲགས་ཅན་འབྲི་རུ་མཆོག་གསལ་ཟི་ལིང་ཁུལ་ནས་འཛིན་བཟུང་གིས་རྗེས་སུ་ད་ཆ་ཁོང་གང་དུ་བཙན་ཁྲིད་བྱས་ཡོད་མེད་སོགས་ཀྱི་གནས་ཚུལ་གང་ཡང་ཤེས་རྟོགས་མེད་པ་འགྱུར་ཡོད་པ་རེད།
མཆོག་གསལ་ནི་གདོང་དམར་བོད་པའི་རྨི་ལམ་དང་སྤུན་ཟླའི་འོས་འགན་ སྤུན་ཟླའི་བརྩེ་སེམས་གངས་ཕྲུག་ཅེས་པའི་འོས་ཐེར་བཏོན་མཁན་གླུ་པ་གྲགས་ཅན་འདི་ཡིན་པ་དང། རྒྱ་ནག་གཞུང་གིས་ཁོང་ལ་སྤྱི་ཚོགས་བརྟན་ལྷིངས་ལ་ཉེན་ཚབས་བཟོ་ཡི་ཡོད་པའི་ཉེས་བཙུགས་འོག་ཕྱི་ཟླ་༧་པའི་ཟླ་མཇུག་ཟི་ལིང་ཀྱི་དྲ་རྒྱའི་ལས་ཁུངས་ཤིག་ནས་འཛིན་བཟུང་བྱས་ཡོད་འདུག།