རྒྱ་ནག་ཏུ་དབུལ་ཕྱུག་ཁྱད་པར་ཆེ་རུ་ཕྱིན་ཡོད་པའི་གནས་ཚུལ།

རྒྱ་ནག་ནང་གྲོང་ཁྱེར་གྱི་མི་སེར་ཚོའི་ཡོང་འབབ་དང་གྲོང་གསེབ་ཀྱི་མི་སེར་ཚོའི་ཡོང་འབབ་ན་ནིང་ལས་ཧེ་བག་ཤུགས་ཆེ་རུ་འགྲོ་བཞིན་ཡོད་པ་རེད།

2009.01.16

༄༅༎རྒྱ་ནག་ནང་གྲོང་ཁྱེར་དང་གྲོང་གསེབ་ས་ཁུལ་གྱི་དབུལ་ཕྱུག་ཁྱད་པར་ཇེ་ཆེར་འགྲོ་བཞིན་ཡོད་འདུག དེང་སྐབས་འཛམ་གླིང་གི་དཔལ་འབྱོར་གནས་སྟངས་ཉམས་རྒུད་དུ་འགྲོ་བཞིན་པའི་དུས་འདིར་རྒྱ་ནག་ནང་གྲོང་ཁྱེར་གྱི་མི་སེར་ཚོའི་ཡོང་འབབ་དང་གྲོང་གསེབ་ཀྱི་མི་སེར་ཚོའི་ཡོང་འབབ་ན་ནིང་ལས་མ་བསྡད་པར་ཧེ་བག་ཤུགས་ཆེ་རུ་འགྲོ་བཞིན་ཡོད་པ་རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་ཐོག་གཟའ་པ་སངས་ཉིན་གནས་ཚུལ་སྤེལ་བཞག

རྒྱ་ནག་གི་གྲོང་ཁྱེར་ཁག་གི་གྲོང་མིའི་ཆ་སྙོམས་ཀྱི་ཡོངས་འབབ་དང་གྲོང་གསེབ་ཀྱི་མི་སེར་ཚོའི་ཆ་སྙོམས་ཀྱི་ཡོང་འབབ་དབར་ཕྱི་ལོ་ཉིས་སྟོང་བརྒྱད་ལོར་ཧེ་བག་བརྒྱ་ཆ་གསུམ་དང་གྲངས་ཆུང་སུམ་ཅུ་སོ་དྲུག་ཙམ་ཆགས་ནས་ཕྱི་ལོ་ཉིས་སྟོང་བདུན་ལོ་ནས་བརྒྱ་ཆ་གསུམ་དང་གྲངས་ཆུང་སུམ་ཅུ་སོ་གསུམ་ལས་འཕར་ཆ་བྱུང་ཡོད་པ་རེད། གྲོང་ཁྱེར་དང་གྲོང་གསེབ་དབརར་གྱི་ཡོང་འབབ་ཧེ་བག་ཤུགས་ཆེ་རུ་འགྲོ་བཞིན་པ་དེ་ནི་དེང་སྐབས་འཛམ་གླིང་སྤྱིའི་དཔལ་འབྱོར་གནས་སྟངས་ཉམས་ཉེས་སུ་འགྲོ་གི་ཡོད་པ་དང་དེའི་རྐྱེན་གྱིས་རྒྱ་ནག་གི་དཔལ་འབྱོར་གནས་སྟངས་ཡང་ཡར་རྒྱས་འགྲོ་རྒྱུར་དཀའ་ངལ་ཡོད་པ་དང་དེ་བཞིན་གྲོང་ཁྱེར་ནང་ལས་ཀ་བྱེད་བཞིན་པའི་གྲོང་གསེབ་ཁུལ་གྱི་མི་སེར་ཚོར་གྲོང་ཁྱེར་ནང་ལས་ཀ་ཐོབ་རྒྱུའི་དཀའ་ངལ་ཆེ་རུ་ཕྱིན་ནས་གྲོང་གསེབ་དུ་ཕྱིར་ལོག་བྱེད་དགོས་པའི་གནས་སྟངས་དེ་ཚོས་རྐྱེན་པས་ཡིན་པ་དཔལ་འབྱོར་ཉམས་ཞིབ་པ་ཚོས་འགྲེལ་བརྗོད་གནང་གི་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎