རྒྱ་ནག་ཏུ་བཅའ་ཞུགས་ཨ་རིའི་གཞུང་ཚབ་འོས་མི་མཚན་འདོན།

ཨ་མི་རི་ཀའི་ཚོང་དོན་དྲུང་ཆེ་སྐུ་ཞབས་གེ་རི་ལོཀ་ཨ་རི་གཞུང་གིས་རྒྱ་ནག་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་རྒྱུའི་མཚན་འདོན་གནང་བ།

2011.03.10

༄༅༎ཨ་མི་རི་ཀའི་ཚོང་དོན་དྲུང་ཆེ་སྐུ་ཞབས་གེ་རི་ལོཀ་ཨ་རི་གཞུང་གིས་རྒྱ་ནག་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་རྒྱུའི་མཚན་འདོན་གནང་པ་དེས་རྒྱལ་ཁབ་གཉིས་དབར་འབྲེལ་བ་ཡར་རྒྱས་གཏོང་རྒྱུར་ཕན་ནུས་ཡོང་རྒྱུ་ཡིན་པའི་སྐོར་རྒྱ་ནག་གཞུང་གིས་དགའ་བསུ་ཞུས་འདུག་༎ ད་ལྟའི་རྒྱ་ནག་ནང་ཨ་རིའི་གཞུང་ཚབ་ཆེན་མོ་བ་སྐུ་ཞབས་ཇོན་ཧན་སི་མེན་གྱིས་འབྱུང་འགྱུར་༢༠༡༢ལོའི་སྲིད་འཛིན་གྱི་འོས་བསྡུའི་ནང་ཞུགས་རྒྱུའི་རེ་འདུན་བཅངས་ཏེ་ཉེ་སྔོན་གཞུང་ཚབ་ཀྱི་ལས་ཁུར་ནས་དགོངས་ཞུ་གནང་ཏེ་ལས་མཚམས་བཞག་ཡོད་པ་རེད་  ད་རེས་ཨ་རི་གཞུང་གིས་རྒྱ་ནག་ནང་ཨ་རིའི་གཞུང་ཚབ་ཆེན་མོར་མཚན་འདོན་གནང་པའི་སྐུ་ཞབས་གེ་རི་ལོཀ་ཞུ་བ་ཁོང་མི་རྒྱུད་རྒྱ་རིགས་ཡིན་ཞིང་ ཆུང་དུས་ཨ་རིའི་སི་ཡ་ཀྲལ་གྲོང་ཁྱེར་རུ་འཚར་ལོངས་གནང་པ་དང་ རྗེས་སུ་སྙན་གྲགས་ཅན་གྱི་ཡེལ་གཙུག་ལག་སློབ་གྲ་ཆེན་མོ་ནས་སློབ་ཐོན་གནང་པ་དང་༢༠༠༩ནས་བཟུང་ཨ་རིའི་ཚོང་དོན་དྲུང་ཆེའི་ཐུགས་འགན་བཞེས་མུས་ཡིན་པ་རེད་ ཁོང་རྒྱ་ནག་ནང་དངོས་སུ་ཨ་རིའི་གཞུང་ཚབ་ཆེན་མོའི་ལས་ཁུར་མ་བཞེས་གོང་ཐོག་མར་གྲོས་ཚོགས་ནས་གཏན་འབེབས་གནང་དགོས་ཀྱི་ཡོད་པ་རེད་༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎