༸གོང་ས་མཆོག་གི་སྐུ་ཚབ་དང་གྲོས་མོལ་དགོས་པའི་འབོད་སྐུལ།

ཨ་རིའི་སྲིད་འཛིན་ནས་བོད་རྒྱ་ཞི་མོལ་དང་འགྲོ་བ་མིིའི་ཐོབ་ཐང་ཡར་རྒྱས་གཏོང་དགོས་པའི་གནད་དོན་ཐོག་རྒྱ་ནག་གི་སྲིད་འཛིན་ལ་ཤུགས་སྣོན།

2011.01.20

༄༅༎ཨ་རིའི་སྲིད་འཛིན་སྦ་རཀ་ཨོ་སྦ་མ་མཆོག་ནས་བོད་རྒྱ་ཞི་མོལ་གྱི་ལས་དོན་དང་བོད་མིའི་ཆོས་དད་རང་དབང་ལ་རྒྱབ་སྐྱོར་དེ་བཞིན་རྒྱ་ནག་ནང་མང་ཚོགས་ཀྱི་འགྲོ་བ་མིིའི་ཐོབ་ཐང་ཡར་རྒྱས་གཏོང་དགོས་པའི་གནད་དོན་བཅས་རྒྱ་ནག་གི་སྲིད་འཛིན་ཧུའུ་ཇིན་ཐའོ་མཆོག་ལ་གསལ་འདོན་དང་ཤུགས་སྣོན་ཆེན་པོ་གནང་ཡོད་པའི་སྐོར་གནས་ཚུལ་ཐོན་འདུག་༎

རྒྱ་ནག་གི་སྲིད་འཛིན་མཆོག་དེང་ཨ་རིར་གཞུང་དོན་འཚམས་གཟིགས་གནང་པའི་ཉིན་གཉིས་པར་ཁ་ས་རེས་གཟའ་ལྷག་པའི་ཉིན་ སྲིད་འཛིན་རྣམས་གཉིས་ཀྱི་ཟུང་འབྲེལ་གསར་འགོད་ལྷན་ཚོགས་གནང་ཡོད་པ་རེད་ སྲིད་འཛིན་ཨོ་སྦ་མ་མཆོག་གིས་བོད་ཀྱི་གནད་དོན་ཐད་ རྒྱ་ནག་གཞུང་དང་གོང་ས་ཏ་ལའི་བླ་མའི་སྐུ་ཚབ་དབར་གྲོས་མོལ་གྱི་ལས་དོན་ལ་ཨ་རིའི་ངོས་ནས་རྒྱབ་སྐྱོར་ཞུ་ཡི་ཡོད་པ་དང་ དེ་བཞིན་རྒྱ་ནག་གཞུང་ཕྱོགས་ནས་བོད་མིའི་ཆོས་དད་རང་དབང་ལ་བརྩི་བཀུར་ཞུ་དགོས་སྐོར་རྒྱ་ནག་གི་སྲིད་འཛིན་མཆོག་ལ་ནན་བརྗོད་གནང་ཡོད་པའི་སྐོར་གསུང་ཡོད་པ་རེད་ དེ་བཞིན་ཡང་གསར་འགོད་ལྷན་ཚོགས་དེའི་ཐོག་ཨ་རིའི་སྲིད་འཛིན་མཆོག་ནས་སྨྲ་བརྗོད་ཀྱི་རང་དབང་དང་ཆོས་དད་རང་དབང་ འདུ་འཛོམས་ཀྱི་རང་དབང་སོགས་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་དེ་དག་མི་རིགས་དང་རིག་གཞུང་འདྲ་མིན་ལ་མི་ལྟོས་པར་གནད་དོན་གལ་གནད་ཆེ་བ་མ་ཟད་སྐྱེ་འགྲོ་ཡོངས་རྗོགས་ཀྱི་གཞི་རྩའི་ཐོབ་ཐང་ཞིག་ཡིན་པར་ཨ་རིས་ངོས་འཛིན་གནང་གི་ཡོད་པ་དང་ གནད་དོན་དེ་དག་རྒྱ་ནག་གི་སྲིད་འཛིན་མཆོག་ལ་ཞལ་གསང་ཐོག་ནས་ནན་བརྗོད་གནང་པའི་སྐོར་གསུངས་ཡོད་པ་རེད་ གོང་གསལ་གསར་འགོད་ལྷན་ཚོགས་སྐབས་གསར་འགོད་པ་ཞིག་ནས་སྲིད་འཛིན་ཧུའུ་ཇིན་ཐའོ་ལ་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་སྐོར་བཅའ་འདྲི་བྱེད་སྐབས་རྒྱ་ནག་གི་སྲིད་འཛིན་མཆོག་ནས་ལན་འདེབས་གནང་མེད་པ་དང་ གནད་དོན་དེ་རང་ཐོག་སླར་ཡང་འདྲི་བ་ཕུལ་སྐབས་སྲིད་འཛིན་ཧུའུ་ཇིན་ཐའོས་ཐོག་མའི་འདྲི་བའི་སྐབས་འཕྲུལ་ཆས་ཀྱི་དཀའ་ངལ་ལ་རྐྱེན་པས་སྐད་བསྒྱུར་གསལ་པོ་བྱུང་མེད་ལུགས་དང་ དེ་ནས་འདྲི་བའི་ལན་འདེབས་སུ་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་དང་གོང་འཕེལ་གཏོང་རྒྱུ་དེ་བཞིན་རྒྱ་ནག་གི་གལ་གནད་ཆེན་པོར་རྩིས་ཀྱི་ཡོད་ལུགས་དང་ ཆབས་ཅིག་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཆ་ནས་བྱེད་སྒོ་མང་པོ་ལྷག་ཡོད་པའི་སྐོར་ངོས་ལེན་གནང་ཡོད་པ་རེད་ གཞན་ཡང་རྒྱ་ནག་གི་སྲིད་འཛིན་མཆོག་ནས་རྒྱ་ནག་ངོས་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐོག་གྲོས་མོལ་བཀའ་བསྡུར་གནང་འདོད་ཡོད་ཚུལ་དང་ཆབས་ཅིག་གྲོས་མོལ་དེ་དག་ཕྱོགས་ཕན་ཚུན་དབར་གུས་བརྩི་དང་རྒྱ་ནག་གི་ནང་སྲིད་ལ་ཐེ་ཇུས་མེད་པའི་རྨང་གཞི་ཐོག་ནས་གྲོས་མོལ་བྱེད་དགོས་སྐོར་འགྲེལ་བརྗོད་བྱས་འདུག་༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎