པེ་ཅིང་དུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁང་མདུན་རྔམ་སྟོན།

མི་གྲངས་ཉིས་བརྒྱ་མ་ཟིན་ཙམ་ཞིག་འདུ་འཛོམས་ཀྱིས་འགྲོ་བ་མིིའི་ཐོབ་ཐང་ཉིན་མོ་སྲུང་བརྩི་ཞུ་བའི་རྔམ་སྟོན་བྱས་ཡོད་པའི་སྐོར།

2010.12.10

༄༅༎དེ་རིང་ནི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཉིན་མོ་དང་ནོ་བེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་སྒོའི་ཉིན་མོ་ཡིན་པ་དང་  དེའི་ཉིན་པེ་ཅིན་ནང་ཡོད་པའི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གཞུང་ལས་ཁག་གི་སྒོ་འགྲམ་དུ་རྒྱ་ནག་གཞུང་གི་འཛིན་བཟུང་བཙོན་འཇུག་དང་དམ་བསྒྲགས་བཀག་སྡོམ་གྱི་ཉེན་ཁར་མི་འཛེམས་པར་ མི་གྲངས་ཉིས་བརྒྱ་མ་ཟིན་ཙམ་ཞིག་འདུ་འཛོམས་ཀྱིས་འགྲོ་བ་མིིའི་ཐོབ ཐང་ཉིན་མོ་སྲུང་བརྩི་ཞུ་བའི་རྔམ་སྟོན་བྱས་ཡོད་པའི་སྐོར་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་གཞུང་ལས་ཁང་གི་འབྲེལ་ཡོད་མིང་འདོན་གནང་དོད་མེད་པའི་དཔོན་རིགས་ཤིག་གིས་ཕ་རན་སི་གསར་འགྱུར་བརྒྱུད་ལམ་ལ་འགྲེལ་བརྗོད་གནང་འདུག

དཔོན་རིགས་དེས་གསུང་བར་གཞིགས་ན་ འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་གཞུང་ལས་ཁང་གིས་སྒོ་འགྲམ་དུ་རྔམ་སྟོན་བྱེད་མཁན་ དེའི་སྔོན་གྱི་འགྲོ་བ་མིའི་ཐོབ་ཐང་ཉིན་མོའི་སྐབས་འདུ་འཛོམས་བྱས་པའི་མིའི་གྲངས་འབོར་ལས་ཧ་ཅང་མང་བ་ཡོད་པ་གསུང་བ་ལས་དེ་མིན་གྱི་ཞིབ་ཕྲའི་གནས་ཚུལ་གང་ཡང་འགྲེལ་བརྗོད་གནང་མེད་ཅིང་ ཡིན་ནའི་ལས་ཁང་དེའི་ལས་བྱེད་ཅིག་གིས་ཕལ་ཆེར་མི་གྲངས་ཉིས་བརྒྱ་ཡས་མས་ཤིག་འདུ་འཛོམས་བྱས་ཡོད་པའི་སྐོར་ཕ་རན་སི་གསར་འགྱུར་བརྒྱུད་ལམ་ལ་གསུང་འདུག 

རྔམ་སྟོན་འདུ་འཛོམས་བྱེད་པའི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་པེ་ཅིན་ནང་ཡོད་པའི་གཞུང་ལས་ཁང་གི་གཡས་གཡོན་དུ་རྒྱ་ནག་ཉེན་རྟོག་པའི་མོ་ཊ་བཅུ་གྲངས་ཁ་ཤས་དང་ ཉེན་རྟོག་མི་སྣ་ཧ་ཅང་འཕོན་ཆེ་འགྲེམས་འཇོག་བྱས་ནས་དེའི་གཡས་གཡོན་ལམ་ཁར་སྐྱོད་མཁན་ཚོར་ཡང་རང་ཉིད་ངོ་ཐག་ཆོད་པའི་ལག་འཁྱེར་བཏོན་ནས་མ་གཏོགས་གཏོང་གི་མེད་པར་དམ་དྲག་ཤུགས་ཆེ་བྱེད་བཞིན་ཡོད་པ་མ་ཟད་དྲ་རྒྱའི་ཐོག་ལ་ཡང་དམ་དྲག་ཆེན་པོ་བྱས་ནས་ཀྲུ་ལྦི་ཀྲར་Twitterདྲ་རྒྱའི་ཐོག་འདི་ལོའ་ནོར་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་སྒོར་གཟེངས་རྟགས་བཞེས་མཁན་རྒྱ་ནག་གིས་བཙོན་འཇུག་འོག་མཛད་སྒོར་ཕེབས་མ་ཐུབ་པའི་གནས་སྟངས་གསལ་སྟོན་ཆེད་  གཟེངས་རྟགས་མཛད་སྒོའི་ཞབས་སྟེགས་སྟོང་པའི་དཔར་ཞིག་འགྲེམས་སྤེལ་བྱས་ཡོད་པ་དང་ དཔར་དེ་འཛམ་གླིང་ནང་དྲ་རྒྱ་དེ་བེད་སྤྱོད་བྱེད་མཁན་མི་ཁྲི་སྟོང་མང་པོས་དཔར་ལོག་རྒྱབ་ནས་དྲ་རྒྱ་གཞན་ཁག་ནང་འཇོག་ཐབས་བྱས་ཀྱང་ རྒྱ་ནག་ནང་དཔར་དེ་རིགས་འཇོག་པའི་དྲ་རྒྱའི་རིགས་ཚང་མ་ཁ་ཕྱེ་མི་ཐུབ་པ་བཟོས་ཡོད་པ་གནས་ཚུལ་ནང་འཁོད་འདུག 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎