རྒྱ་ནག་གི་སྲིད་བློན་ལ་བོད་མི་ཚོས་ངོ་རྒོལ་ཤུགས་ཆེན་བྱས་འདུག


2017.03.23
རྒྱ་ནག་གི་སྲིད་བློན་ཨོསི་ཀྲེ་ལི་ཡའི་གྲོས་ཚོགས་ནང་ཕེབས་སྐབས་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་ངོ་རྒོལ་སྐབས། ༢༠༡༧།༣།༢༣ རྒྱ་ནག་གི་སྲིད་བློན་ཨོསི་ཀྲེ་ལི་ཡའི་གྲོས་ཚོགས་ནང་ཕེབས་སྐབས་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་ངོ་རྒོལ་སྐབས། ༢༠༡༧།༣།༢༣
TCA NSW Inc.

རྒྱ་ནག་གི་སྲིད་བློན་ཨོསི་ཀྲེ་ལི་ཡའི་གྲོས་ཚོགས་ནང་ཕེབས་སྐབས་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་ངོ་རྒོལ་ཤུགས་ཆེ་བྱས་འདུག
དེ་ཡང་རྒྱ་ནག་གི་སྲིད་བློན་ལཱི་ཁེ་ཆང་Li Keqiang ཨོསི་ཀྲེ་རི་ལི་ཡར་གཞུང་དོན་འཚམས་གཟིགས་སུ་འབྱོར་ཡོད་པ་དང་། ཚེས་༢༣ ཉིན་ཨོས་ཀྲེ་རི་ལི་ཡའི་རྒྱལ་ས་Canberra རུ་ཨོསི་ཀྲེ་རི་ལི་ཡའི་གྲོས་ཚོགས་སུ་ཕེབས་སྐབས། གྲོས་ཚོགས་ཀྱི་ཕྱི་ལ་རྒྱ་མིའི་སློབ་ཕྲུག་ཁག་ཅིག་ནས་རྒྱ་ནག་གི་རྒྱལ་དར་འཕྱར་ཞིང་། དགའ་བསུའི་ཕེབས་བསུ་ཞུས་པ་དང་། ཡང་དེའི་ཉེ་འགྲམ་དུ་བོད་མི་དང་། ཤར་ཏུར་ཀི་སི་ཐན་ཡུ་གུར་མི་རིགས། ཧྥ་ལུང་ཀུང་ཆོས་འཁོར་སྒོམ་སྒྲུབ་ཚོགས་པའི་ཚོགས་མི་བཅས་ཁྱོན་མི་གྲངས་བརྒྱ་སྐོར་ལྷག་གིས་བོད་ལ་རང་དབང་དགོས། རྒྱ་ནག་གིས་ཨོསི་ཀྲེ་རི་ལི་ཡའི་ནང་ལྐོག་རྔན་གྱི་ལས་དོན་སྤེལ་རྒྱུ་མཚམས་འཇོག་དགོས། ཧྥ་ལུང་ཀུང་དད་ལྡན་པ་ཚོར་སྡང་འཛིན་མཚམས་འཇོག་དགོས་ཞེས་སོགས་འཁོད་པའི་འཕྲེད་དར་འཕྱར་ཞིང་། བོད་དང་ཤར་ཏུར་ཀི་སི་ཐན་གྱི་འགྲོ་བ་མིའི་ཐོབ་ཐང་ལ་རྒྱ་ནག་གཞུང་ནས་རྩིས་མེད་རྡོག་རོལ་དང་། མང་ཚོགས་ཁྲོད་དྲག་གནོན་བྱེད་པའི་སྲིད་ཇུས་བཅས་ལ་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་ཤུགས་ཆེ་སྤེལ་འདུག
ལས་འགུལ་ནང་མཉམ་བཞུགས་གནང་པའི་རྒྱལ་ས་Caberra བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་བསོད་ནམ་ཆོས་སྒྲོན་ལགས་ཀྱིས། ང་རང་ཨོས་ཀྲེ་རི་ལི་ཡའི་མི་སེར་ཞིག་ཡིན་པའི་ཆ་ནས་ཨོས་ཀྲེ་རི་ལི་ཡའི་གཞུང་ནས་རྒྱ་ནག་གི་སྲིད་བློན་ལ་བོད་དང་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་གླེང་སློང་བྱེད་དགོས་པ་མཐོང་གི་འདུག ཨོས་ཀྲེ་རི་ལི་ཡའི་ཕྱོགས་ནས་རྒྱ་ནག་ལ་བསྟུན་མཁས་ཆེད་རྒྱལ་ཁབ་ཀྱི་དམངས་གཙོའི་རྩ་དོན་དང་རིན་ཐང་དེ་ཚོང་གཉེར་ལྟ་བུར་བློས་གཏོང་བྱས་ན་འགྲིག་གི་མ་རེད་ཅེས་གསར་འགོད་པར་གསུངས་འདུག།

གསར་འགོད་པ་དོན་གྲུབ་རྣམ་རྒྱལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎