རྒྱ་ནག་སྲིད་བློན་སུས་ཕེབས་སྐབས་མི་མང་གིས་ངོ་རྒོལ་བྱས་པ།

རྒྱ་ནག་སྲིད་བློན་སུས་ཛ་ལན་ཌའི་ཡུལ་ལ་དཔལ་འབྱོར་དང་འབྲེལ་བའི་ཐད་གཞུང་འབྲེལ་གཟིཌ་སྐོར་གནང་སྐབས་མི་མང་ཁག་གིས་ངོ་རྒོལ་བྱས་པ།

2009.01.27

༄༅༎རེས་གཟའ་མིག་དམར་གྱི་ཉིན་རྒྱ་ནག་གི་སྲིད་བློན་དབོན་ཅའ་རྦའོ་སུས་ཛ་ལན་ཌའི་ཡུལ་ལ་དཔལ་འབྱོར་དང་འབྲེལ་བའི་ཐད་གཞུང་འབྲེལ་གཟིགས་སྐོར་གནང་སྐབས་རྒྱལ་ས་རྦན་གྱི་གཞུང་ལས་ཁང་གི་ཕོ་བྲང་ཡོད་སའི་ཁུལ་དུ་མི་མང་གི་ངོ་རྒོལ་བྱེད་མཁན་སོགས་བཀག་འགོག་ཤུགས་ཆེན་བྱས་ཡོད་པ་རེད།

སུས་སིའི་གཞུང་འབྲེལ་མི་སྣས་འགྲེལ་བརྗོད་གནང་ཡོད་པར་ད་རེས་རྒྱ་ནག་གི་སྲིད་བློན་དབོན་ཅའ་རྦའོ་ཕེབས་སའི་སུས་སིའི་གཞུང་ལས་ཁང་གི་ཕྱི་ནང་གང་སར་དམ་བསྒྲགས་ཤུགས་ཆེན་བྱས་ཏེ་ཕེབས་ལམ་ཁུལ་གྱི་ཁང་རྩེག་དེ་ཚོའི་སྒེ་ཁུང་བརྒྱབ་དགོས་པ་དང་པར་རྒྱབ་མཁན་དང་ཁང་པའི་སྟེང་སོགས་ལ་མི་མང་སྡོད་མི་ཆོག་པ་དང་ངོ་རྒོལ་བྱེད་མཁན་བཀག་འགོག་སོགས་ཀྱི་ལས་དོན་ཤུགས་ཆེན་ཞིག་ལག་བསྟར་བྱས་ཡོད་པའི་སྐོར་འགྲེལ་བརྗོད་གནང་ཡོད་པ་རེད།

དེ་ལྟར་དམ་བསྒྲགས་བྱས་དགོས་པའི་རྒྱུ་མཚན་ནི་དེ་སྔོན་ལོ་བཅུ་གོང་ལ་རྒྱ་ནག་གི་སྲིད་འཛིན་ཅང་ཀྲེ་མིང་སུས་སིར་གཞུང་འབྲེལ་གཟིགས་སྐོར་སྐབས་གཞུང་ལས་ཁང་གི་ཉེ་འཁོར་གང་ས་ནས་བོད་མི་ཚོས་ཅང་ཀྲེ་མིང་ལ་ངོ་རྒོལ་གྱི་སྐད་འབོད་ཤུགས་ཆེན་རྒྱབ་པར་བརྟེན་ཅང་ཀྲེ་མིང་ཁོང་ཁྲོ་ལངས་ནས་དེ་སྐབས་སུས་སི་གཞུང་ལ་ཁྱེད་རང་ཚོས་རང་གི་ལུང་པ་འདི་སྣེ་ཁྲིད་བྱེད་ཐུབ་པའི་ནུས་སྟོབས་ཤིག་ཡོད་དམ་ཅེས་སུས་སི་གཞུང་ལ་སྐྱོན་བརྗོད་བྱས་ཡོད་པ་དང་དེ་བཞིན་སུས་སིའི་སྲིད་འཛིན་རུཏ་ཌའི་ཕས྄་ཡིས་འགྲོ་བ་མིའི་ཐོབ་ཐང་གི་སྐོར་བཀའ་མོལ་གནང་སྐབས་ཀྱང་ཅང་གིས་ཁྱེད་རང་ཚོ་གྲོགས་པོ་ཡག་པོ་ཞིག་མེད་པར་གྱུར་བ་རེད་ཅེས་བཤད་ཡོད་པ་རེད།

སུས་སི་ཁུལ་དུ་གནས་སྡོད་བྱེད་མཁན་བོད་རིགས་ཚོགས་པའི་མགྲིན་ཚབ་པ་དགའ་ཤོང་ཚང་ཕུན་ཚོགས་ལགས་ཀྱིས་གསུངས་དོན་ལ་ང་ཚོ་ད་རེས་བོད་རིགས་བརྒྱ་ལྷག་ཙམ་ཞིག་དེར་ངོ་རྒོལ་བྱེད་པར་སླེབས་ཡོད་པ་ནི་བོད་ནང་རྒྱ་ནག་གཞུང་གིས་བོད་མིའི་འགྲོ་བ་མིའི་རང་དབང་ཐོབ་ཐང་མི་སྤྲོད་པར་སྡུག་རྩུབ་མནར་གཅོད་ཀྱི་དྲག་གནོན་བྱས་དང་བྱེད་བཞིན་པར་ངོ་རྒོལ་སྐད་འབོད་རྒྱབ་ཀྱི་ཡོད་ཅེས་གསུངས་ཡོད་པའི་གནས་ ཚུལ་ཐོན་འདུག།

 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎