བོད་ཁམས་ལི་ཐང་ཁུལ་དུ་སུམ་བཅུའི་དུས་དྲན་ཉིན་སྐད་འབོད།

བོད་ཁམས་ལི་ཐང་ཁུལ་དུ་སྐུ་ཞབས་བློ་བཟང་དབང་ཕྱུག་ལགས་ཀྱིས་སུམ་བཅུའི་དུས་དྲན་ཉིན་སྐད་འབོད་བྱེད་མ་ཐག་ཏུ་ཁོང་འཛིན་བཟུང་བྱས་པ།

2009.03.11

༄༅༎བོད་ཀྱི་ཁམས་ལི་ཐང་ཁུལ་དུ་ཕྱི་ཟླ་གསུམ་པའི་ཚེས་བཅུ་ཉིན་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད་པ་རེད།

དེ་ཡང་རྒྱ་གར་ལྷོ་ཕྱོགས་སེར་ར་སྨད་སྐུ་ཞབས་བློ་དགའ་ཞུ་བ་ཞིག་གིས་འདི་ག་རླུང་འཕྲིན་ཁང་གི་ཁམས་སྐད་སྡེ་ཚན་དུ་གནས་ཚུལ་ངོ་སྤྲོད་གནང་བར་གཞིགས་ན་ཁ་ས་ཕྱི་ཟླ་གསུམ་པའི་ཚེས་བཅུ་འམ་ཡོངས་གྲགས་སུ་སུམ་བཅུའི་དུས་དྲན་གྱི་ཉིན་མོ་དེར་སྐུ་ཞབས་པ་བློ་བཟང་དབང་ཕྱུག་ལགས་ཀྱིས་བོད་ཁམས་ལི་ཐང་ཁུལ་དུ་དེ་ཉིན་ཉིན་རྒྱབ་ཚོུད་གསུམ་དང་ཕྱེ་ཀའི་ཙམ་དུ་ས་གནས་སུ་ཡིག་ཆ་མང་པོ་ཞིག་འགྲེམས་འཇོག་བྱས་པ་དང་སྦྲགས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་ཁྲི་ལོར་བརྟན་པ་ཤོག་བོད་རང་བཙན་གཙང་མ་ཡིན་ཞེས་སྐད་འབོད་བྱེད་མ་ཐག་ཏུ་ས་གནས་ཉེན་རྟོག་དམག་མི་འཕྲལ་མར་འབྱོར་ཏེ་ཁོང་ལ་ཉེས་གདུང་ཚད་མེད་བཏང་བ་དང་སྦྲགས་ཁོང་འཛིན་བཟུང་བྱས་ཡོད་ པ་རེད་ཅེས་གོང་ཞུས་སྐུ་ཞབས་བློ་དགའ་ལགས་ཀྱིས་འགྲེལ་བརྗོད་གནང་འདུག ཡང་ཁོང་གིས་མུ་མཐུད་གསུངས་ན་སྤྱིར་བཏང་དེང་སྐབས་རྒྱ་ནག་གཞུང་གིས་བོད་སྤྱི་ཡོངས་ནང་དམག་མི་འགྲེམས་འཇོག་བྱས་ནས་དམ་བསྒྲགས་ཤུགས་ཆེ་བྱེད་བཞིན་པ་ལྟར་ལི་ཐང་རྫོང་གཅིག་པུའི་ནང་དུའང་དམག་མི་ཉི་ཁྲི་བཞི་སྟོང་ལྔ་བརྒྱ་ཙམ་འགྲེམས་འཇོག་བྱས་ཡོད་པ་སོགས་ཁམས་ལི་ཐང་ཁུལ་དུའང་དེང་སྐབས་དམ་བསྒྲགས་ཤུགས་ཆེ་བྱེད་བཞིན་ཡོད་པ་གོང་ཞུས་དགེ་འདུན་པ་དེས་འདི་ག་རླུང་འཕྲིན་ཁང་གི་ཁམས་སྐད་སྡེ་ཚན་དུ་གསལ་སྟོན་གནང་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎