ཉི་ཧོང་དུ་ཀིརྟི་དགོན་གྱི་ཆེད་ངོ་རྒོལ་རྔམ་སྟོན།

ཉི་ཧོང་ནང་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་རྒྱ་ནག་གཞུང་གིས་ཀིརྟིར་དྲག་གནོན་མཚམས་འཇོག་དགོས་པའི་ངོ་རྒོལ་རྔམ་སྟོན་ཁྲོམ་སྐོར།

2011.05.23

༄༅༎ཉི་ཧོང་གི་རྒྱལ་ས་ཀྲོག་ཡོའི་ནང་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ནས་རྒྱ་ནག་གཞུང་གིས་ཨ་མདོ་རྔ་བ་ཀིརྟི་དགོན་པ་གཙོས་པའི་ས་གནས་ཡུལ་མིའི་ཐོག་དྲག་གནོན་ཤུཌ་ཆེ་བྱེད་བཞིན་པ་མཚམས་འཇོག་དགོས་པའི་དགོས་འདུན་བཏོན་ནས་ངོ་རྒོལ་རྔམ་སྟོན་ཁྲོམ་སྐོར་བྱས་འདུག་ ཉི་ཧོང་གི་རྒྱལ་སའི་ནང་སྤེལ་བའི་ངོ་རྒོལ་རྔམ་སྟོན་ཁྲོམ་སྐོར་གྱི་ལས་འགུལ་དེ་ནི་གཙོ་བོ་རྒྱ་ནག་གི་སྲིད་བློན་ཝན་ཇ་པ་ཝོ་ཉི་ཧོང་ནང་གཟིཌ་སྐོར་ཕེབས་པ་དང་བསྟུན་ནས་བོད་རང་བཙན་སློབ་ཕྲུག་ཚོཌ་པ་དང་ཉི་ཧོང་ནང་གི་བོད་རིགས་སྤྱི་མཐུན་ཚོཌ་པ་གཉིས་ཟུང་འབྲེལ་སྒོ་ནས་སྤེལ་བ་ཞིག་ཡིན་ཞིང་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་༨༠་ལྷག་གིས་ལག་ཏུ་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་དར་འཁྱེར་བ་དང་བོད་རང་བཙན་དང་བོད་ཀྱི་བདག་དབང་བོད་མིར་དགོས་ བོད་མི་མང་ལ་རང་དབང་དགོས་ རྒྱ་ནག་གཞུང་གིས་ཨ་མདོ་ཀིརྟི་དགོན་པའི་ཐོག་དྲག་གནོན་བྱེད་བཞིན་པ་ཁག་འཕྲལ་དུ་མཚམས་འཇོག་དགོས་པ་སོཌ་ཀྱི་འབོད་ཚིག་སྒྲིཌ་བཞིན་དུ་ཉི་ཧོང་གི་རྒྱལ་ས་ཀྲོག་ཡོའི་ནང་གི་མི་འབོར་ཆེ་བའི་ཁྲོམ་གཞུང་མེ་ཇི་ཌོ་རི་ཞེས་པའི་ལམ་གཞུང་ཐོག་བསྐྱོད་སྐབས་ ཁ་ས་གཟའ་ཉི་མ་ཡིན་སྟབས་གཞུང་ལམ་དེར་མི་མང་མང་པོ་ཡོད་པ་རྣམས་ཀྱིས་ལག་པ་དབྱུག་པ་དང་འབོད་ཚིག་མཉམ་དུ་སྒྲོག་པ་སོཌ་བརྒྱུད་ནས་བོད་དོན་ལ་རྒྱབ་སྐྱོར་ཆེན་པོ་ཡོད་པའི་རྣམ་འགྱུར་བཏོན་འདུག ངོ་རྒོལ་རྔམ་སྟོན་ཁྲོམ་སྐོར་དེའི་ནང་མཉམ་ཞུཌ་གནང་མཁན་འགའ་ཤས་ནི་རྒྱལ་ས་ཀྲོག་ཡོ་ནས་རྒྱང་ཐག་རིང་བའི་ས་གནས་ཀིཡུ་སི་དང་ཨོ་ས་ཀ་ ན་ག་ནོ་སོཌ་ནས་ཆེད་བཅར་ཞུས་འདུག་ ཉི་ཧོང་ནང་གི་བོད་རང་བཙན་སློབ་ཕྲུག་ཚོཌ་པའི་ཚོཌ་གཙོ་ཚེ་རིང་རྡོ་རྗེ་ལཌ་ནས་ཨ་མདོ་རྔ་ཀིརྟི་དགོན་པའི་གནས་སྟངས་ཛ་དྲག་པོ་ཡོད་པའི་འགྲེལ་བརྗོད་གནང་བ་མ་ཟད་ བོད་རང་བཙན་སློབ་ཕྲུག་ཚོཌ་པས་ཉི་ཧོང་གི་ཕྱི་འབྲེལ་ལས་ཁང་ལ་ཞུ་ཡིག་ཕུལ་བའི་ནང་ཨ་མདོ་རྔ་བ་ཀིརྟི་དགོན་པའི་གནས་སྟངས་དེ་ཞི་བའི་ཐོག་ནས་སེལ་ཐབས་དགོས་པ་དང་འཛིན་བཟུང་བྱས་པའི་དགོན་པའི་དགེ་འདུན་པ་དབུས་པའི་མི་མང་རྣམས་གློད་བཀྲོལ་དགོས་སྐོར་རྒྱ་ནག་ལ་གནོན་ཤུཌ་སྤྲོད་དགོས་པའི་འབོད་སྐུལ་ཞུས་སྐོར་གསུངས་འདུག་ ཐེ་ཝན་ནང་བཅའ་བཞུཌ་བཙན་བོད་གཞུང་གི་སྐུ་ཚབ་ཨར་ཡ་ཚེ་དབང་རྒྱལ་པོ་ལཌ་ཀྱིས་ངོ་རྒོལ་རྔམ་སྟོན་ཁྲོམ་སྐོར་གྱི་ལས་འགུལ་དེ་བརྒྱུད་ནས་རྒྱ་གཞུང་གིས་ཀིརྟི་དགོན་པའི་ནང་རྒྱལ་གཅེས་ཆོས་གཅེས་ཟེར་བའི་ལས་འགུལ་སྤེལ་བ་དང་ཉེན་རྟོག་པ་ཚོས་དགེ་འདུན་པའི་ཐོག་གདུག་རྩུབ་དྲག་གནོན་ཆེ་བའི་ལས་དོན་སྤེལ་བཞིན་པ་ཁག་མཚམས་འཇོག་དགོས་སྐོར་སྲིད་བློན་ཝན་ཇ་པ་ཝོ་ལ་འབོད་སྐུལ་དྲག་པོ་ཞུ་ཡི་ཡོད་སྐོར་སོཌ་གསུངས་འདུག ཡང་ཉི་ཧོང་གི་རེཨིན་གེ་ཨིན་དགོན་པའི་བླ་མ་ཀ་ལྦ་ཧ་ར་མཆོག་ནས་བོད་ནང་བྱུང་བཞིན་པའི་གནས་ཚུལ་ཁག་ནས་ཉི་ཧོང་གཞུང་མང་གཉིས་ལོཌ་སུ་གནས་རྒྱུ་མེད་པ་དང་བོད་ནང་གི་གནད་དོན་དེ་ནི་ཆབ་སྲིད་ཀྱི་གནད་དོན་ཙམ་ཞིག་མིན་པར་ དེ་ནི་རང་དབང་དང་དྲང་བདེན་ བཟང་སྤྱོད་ཀྱི་གནད་དོན་ཡིན་པས་ བོད་ནང་དགེ་འདུན་པ་རྣམས་ལ་དྲག་གནོན་བྱེད་བཞིན་པ་དེར་ནང་པ་ཡོངས་ཀྱིས་ངོ་རྒོལ་སྐྱོན་བརྗོད་བྱེད་དགོས་སྐོར་བཀའ་གནང་ཡོད་པའི་གནས་ཚུལ་འདུག༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎