གནམ་བདེ་སྒོ་མོ་ཆེའི་དོན་རྐྱེན་སྐབས་ཀྱི་དྲན་ཐོའི་ཉིན་དེབ།

རྒྱ་ནག་གི་སྲིད་བློན་ཟུར་པ་ལི་པང་གི་གནམ་བདེ་སྒོ་མོ་ཆེའི་དོན་རྐྱེན་སྐབས་ཀྱི་དྲན་ཐོའི་ཉིན་དེབ་དེ་དཔར་བསྐྲུན་ཐུབ་རྒྱུ་མིན་པའི་གནས་ཚུལ།

2010.06.19

༄༅༎རྒྱ་ནག་གི་སྲིད་བློན་ཟུར་པ་ལི་པང་གི་གནམ་བདེ་སྒོ་མོ་ཆེའི་དོན་རྐྱེན་སྐབས་ཀྱི་དྲན་ཐོའི་ཉིན་དེབ་དེ་ཧོང་ཀོང་གི་དཔེ་བསྐྲུན་ཁང་ཞིག་ནས་དཔར་བསྐྲུན་བྱ་རྒྱུ་ཡིན་པའི་སྔོན་དཔག་བྱས་ཡོད་ཀྱང་ད་ཆ་འཕྲལ་དུ་དཔར་བསྐྲུན་ཐུབ་རྒྱུ་མིན་པའི་གནས་ཚུལ་ཐོན་འདུག

ལི་པང་གི་གནམ་བདེ་སྒོ་མོ་ཆེའི་དྲན་ཐོའི་ཉིན་དེབ་ཅེས་པ་དེ་ཧོང་ཀོང་ནང་རྟེན་གཞི་བྱེད་པའི་པའོ་ཕུ་དཔར་བསྐྲུན་ཁང་ཞེས་པ་དེས་རྒྱ་ཡིག་ནང་དེབ་གྲངས་ཁྲི་གཉིས་ཙམ་དཔར་བསྐྲུན་གྱིས་ཕྱི་ཟླ་དྲུག་པའི་ཚེས་༢༢ཉིན་འདོན་རྒྱུའི་དུས་བཀག་གཏན་འབེབས་ཟིན་ཡོད་ན་ཡང་གཟའ་པ་སངས་ཉིན་བློ་བུར་དུ་དཔར་བསྐྲུན་གྱི་ལས་གཞི་མཚམས་འཇོག་གིས་དཔར་བསྐྲུན་ཁང་ལ་དེབ་འདི་དཔར་བསྐྲུན་ཆོག་པའི་བདག་དབང་ཐོབ་མེད་ལུགས་འགྲེལ་བརྗོད་བྱས་ཡོད་པ་རེད།

རོའེ་ཀྲར་སི་གསར་ལས་ཁང་ལ་རྒྱ་ནག་གི་མཐོ་རིམ་འགོ་འཁྲིད་ཚོ་དང་ཉེ་པོ་ཡོད་པའི་མི་ཞིག་གིས་བརྗོད་པར་གཞིགས་ན་ ལི་པང་གིས་པའོ་ཕུ་དཔར་བསྐྲུན་ཁང་ལ་ཁོ་པའི་ཉིབ་དེབ་དཔར་བསྐྲུན་ཆོག་པའི་ཆོག་མཆན་སྤྲད་མེད་པ་ཡིན་འདུག་ཅིང་ཉིན་དེབ་དེའི་ནང་ལི་པང་གིས་གནམ་བདེ་སྒོ་མོ་ཆེའི་དོན་རྐྱེན་ཞོལ་འཇག་གཏོང་རྒྱུར་ཏེང་ཤའོ་ཕིང་གིས་གཞུང་ཕྱོགས་ནས་ཁྲག་དྲིའི་ལས་དོན་གང་ཙམ་ཞིག་སྤེལ་དགོས་རྒྱུ་ཡིན་པ་བརྗོད་ཡོད་ལུགས་བཀོད་ཡོད་པ་རེད།

ལི་པང་གི་དྲན་ཐོའི་ཉིབ་དེབ་དེ་ཕྱི་ལོ་༢༠༠༤ལོར་ཕྱོགས་བསྒྲིགས་བྱས་ཟིན་པ་ཞིག་ཡིན་འདུག་ན་ཡང་ད་ལྟའི་རྒྱ་ནག་དམར་ཤོག་ཚོགས་པའི་འགོ་འཁྲིད་ཚོས་དཔེ་དེབ་དཔར་བསྐྲུན་བྱ་རྒྱུར་བཀག་འགོག་བྱས་ཡོད་ཅིང་རྒྱ་ནག་གི་འགོ་འཁྲིད་ཚོས་༡༩༨༩ལོར་བྱུང་བའི་གནམ་བདེ་སྒོ་མོ་ཆེའི་དྲུག་བཞིའི་དོན་རྐྱེན་དང་འབྲེལ་བའི་དཔེ་དེབ་དང་རྩོམ་བྲིས་སོགས་སྤེལ་རྒྱུར་མཐའ་གཅིག་ཏུ་དམ་བསྒྲགས་བྱེད་བཞིན་ཡོད་པ་རེད༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎