བོད་དུ་དགོན་ནང་བརྙན་འཕྲིན་སོགས་མཐུན་འགྱུར་སྤྲོད་རྒྱུ།

ལྷ་སའི་ནང་དགོན་པ་ཚང་མའི་ནང་བརྙན་འཕྲིན་དང་རླུང་འཕྲིན་འཛུགས་རྒྱུའི་མཐུན་འགྱུར་སྦྱོར་རྒྱུ་ཡིན་ཞེས་རྒྱ་གཞུང་ནས་དྲིལ་བསྒྲགས།

2012.04.12

༄༅༎བོད་ཀྱི་རྒྱལ་ས་ལྷ་སའི་ནང་། དགོན་པ་ཚང་མའི་ནང་བརྙན་འཕྲིན་དང་། རླུང་འཕྲིན་འཛུགས་རྒྱུའི་མཐུན་འགྱུར་སྦྱོར་རྒྱུ་ཡིན་ཞེས་རྒྱ་ནག་གཞུང་ནས་དྲིལ་བསྒྲགས་བྱེད་འདུག
དེ་ཡང་ཁ་ས་ཚེས་བཅུ་གཅིག་ཉིན་ལྷ་ས་ནས་རྒྱ་ནག་གཞུང་འབྲེལ་ཤིན་ཧ་གསར་འགྱུར་ལས་ཁང་ནས་གནས་ཚུལ་སྤེལ་བར་གཞིགས་ན། བདུན་ཕྲག་འདིའི་རེས་གཟའ་མིག་དམར་ཉིན་ལྷ་སའི་ཉེ་འཁྲིས་སུ་ཆགས་པའི་དགའ་ལྡན་དགོན་པ་ནང་མཛད་སྒོ་ཞིག་ཚུགས་པའི་ཐོག་ནས་དགོན་པ་ཆེ་ཁག་གསུམ་ནས་དགའ་ལྡན་དགོན་པ་དེ་བཞིན་བརྙན་འཕྲིན་དང་། རླུང་འཕྲིན་གྱི་མཐུན་རྐྱེན་འགོ་བཙུགས་ས་ཐོག་མ་དེ་ཆགས་ཡོད་ལུགས་དང་། དེ་བཞིན་ལྷ་སའི་ནང་ཆགས་པའི་དགོན་པ་ཚང་མའི་ནང་། དེ་ལྟར་མཐུན་འགྱུར་བསྐྲུན་ཡོད་པའི་སྐོར་བོད་ཀྱི་བརྙན་འཕྲིན་དང་། གློག་བརྙན། རླུང་འཕྲིན་ཚན་པའི་སྤྱི་ཁྱབ་ནས་འགྲེལ་བརྗོད་བྱེད་ཡོད་འདུག རྒྱ་ནག་གཞུང་ནས་དགོན་པའི་ནང་འདི་རིགས་ཀྱི་མཐུན་རྐྱེན་བཟོ་རྒྱུའི་དམིགས་ཡུལ་ནི་དགེ་འདུན་དང་བཙུན་མ་ཚོའི་རིག་གཞུང་གི་གོ་རྟོག་ཡག་ཏུ་གཏོང་རྒྱུའི་ལས་དོན་ཕྱི་ལོ་ ༢༠༠༩ ནས་སྤེལ་བའི་ཆ་ཤས་ཤིག་ཡིན་ལུགས་འགྲེལ་བརྗོད་བྱེད་ཡོད་འདུག ཡང་མཛད་སྒོའི་སྐབས་དགའ་ལྡན་དགོན་པའི་གྲྭ་ཉི་མ་དོན་གྲུབ་ཀྱིས། ངས་རླུང་འཕྲིན་ཐོག་ནས་འཛམ་གླིང་ནང་འགྱུར་བ་ག་འདྲ་འགྲོ་གི་ཡོད་མེད་ཤེས་རྟོག་ཐུབ་རྒྱུར་ཉན་གྱི་ཡོད། ད་ཆ་བརྙན་འཕྲིན་ཐོག་ནས་ལྟ་ཐུབ་པའི་རྐྱེན་བཟོས་པ་ནི་དེ་བས་གོ་རྟོག་འཕེལ་ཐབས་སུ་ཡག་ཏུ་འགྲོ་གི་རེད་ཟེར་བཤད་འདུག དེ་དང་ཕྱོགས་མཚུངས་དགོན་པ་ཁག་གི་ནང་རྒྱ་ནག་གཞུང་ནས་ལྷ་སའི་ཉིན་རེའི་གསར་ཤོག་དང་། རྒྱ་ནག་མི་མང་ཉིན་རེའི་གསར་ཤོག། བོད་ཀྱི་ཉིན་རེའི་གསར་ཤོག་སོགས་དང་། དེབ་སྟོང་ཕྲག་མང་པོ་རིན་པ་སྤྲོད་མི་དགོས་པའི་ཐོག་ནས་གཞུང་ནས་འགྲེམས་སྤེལ་བྱེད་ཀྱི་ཡོད་པ་བཅས་བོད་ནང་དེབ་སྐྱེལ་བྱེད་པའི་དགོན་སྡེ་ཆིག་སྟོང་བདུན་བརྒྱ་ལྷག་ཙམ་ནང་། གྲྭ་བཙུན་བཞི་ཁྲི་དྲུག་སྟོང་ཡོད་པ་དེ་དག་ཚང་མར་གཞུང་ནས་གཟིགས་སྐྱོང་དང་། ཁོང་ཚོར་ཡང་དེ་ལྟར་མཐུན་རྐྱེན་བསྐྲུན་ནས་ལོ་གཅིག་ནང་ཚུད་ཚང་མར་བརྙན་འཕྲིན་དང་། རླུང་འཕྲིན་བལྟ་རྒྱུ་དང་ཉན་རྒྱུའི་གོ་སྐབས་སྤྲོད་ཐུབ་པ་བྱེད་རྒྱུ་ཡིན་ཞེས་དྲིལ་བསྒྲགས་བྱེད་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎