རྒྱ་ནག་ཟི་ཁྲོན་ཁུལ་དུ་ཆར་ཞོད་ཆེ་བའི་གནོད་འཚེ།

བོད་ནང་བསྐྱོད་སའི་ལམ་ཆེན་ཐོག་ཆར་ཞོད་ཀྱི་རྐྱེན་པས་རི་ཉིལ་ནས་ལམ་ཁ་འགག་པ་མ་ཟད་ཟི་ཁྲོན་ཞིང་ཆེན་ནང་མི་གཉིས་རྐྱེན་འདས་སུ་ཕྱིན་པ།

2009.07.17

༄༅༎དེང་སྐབས་རྒྱ་ནག་གི་ས་ཁུལ་མང་པོ་ཞིག་ནང་ཆར་པ་ཆེན་པོ་བཏང་བཞིན་པ་ལྟར་གཟའ་ཕུར་བུའི་དགོང་མོ་རྒྱ་ནག་ཟི་ཁྲོན་ཞིང་ཆེན་ནས་བོད་ནང་བསྐྱོད་སའི་ལམ་ཆེན་ཐོག་ཆར་ཞོད་ཀྱི་རྐྱེན་པས་རི་ཉིལ་ནས་ལམ་ཁ་འགག་པ་མ་ཟད་ཟི་ཁྲོན་ཞིང་ཆེན་ནང་མི་གཉིས་རྐྱེན་འདས་སུ་ཕྱིན་ཡོད་པའི་སྐོར་ས་གནས་གསར་འགྱུར་བརྒྱུད་ལམ་ཐོག་གཟའ་པ་སངས་ཉིན་གནས་ཚུལ་སྤེལ་ཡོད་པ་རེད།

རྒྱ་ནག་ཟི་ཁྲོན་ཞིང་ཆེན་ནས་བོད་བར་བསྐྱོད་པའི་ལམ་ཆེན་གྱི་ཁྱབ་ཁོངས་ཀོང་པོ་ཉིང་ཁྲི་ཁུལ་དུ་ཆར་ཞོད་ཀྱིས་རི་ཉིལ་ནས་ལམ་ཁ་ས་རྡོས་བཀག་པའི་གནས་ཚུལ་བྱུང་བའི་རྗེས་བོད་རང་སྐྱོང་ལྗོངས་འགྲིམ་འགྲུལ་ལམ་བཟོ་ལས་ཁང་གིས་ལམ་བཟོ་མི་གྲངས་ཉི་ཤུ་ཆེད་གཏོང་གིས་ལམ་ཁ་བཤངས་བཞིན་ཡོད་པ་དང་གཟའ་པ་སངས་ཀྱི་དགོང་མོ་མོ་ཊ་བརྒྱ་གྲངས་ཉིང་ཁྲི་ཁུལ་གྱི་ལམ་ཆེན་ཐོག་འགག་ནས་བསྡད་ཡོད་པའི་སྐོར་ཉེན་རྟོག་པས་འགྲེལ་བརྗོད་བྱས་འདུག ཉེན་རྟོག་པ་གྲན་ཅུན་ཟེར་བས་བརྗོད་པར་གཞིགས་ན་ལམ་བཟོ་བ་ཚོས་ལམ་ཁ་བཤངས་ཏེ་ཉིང་ཁྲི་ཁུལ་གྱི་མོ་ཊའི་ལམ་ཁ་ཕྲན་བུའི་བཤངས་ཐུབ་ཡོད་ན་ཡང་ད་དུང་ཆར་པ་མུ་མཐུད་ནས་འབབ་བཞིན་པར་བརྟེན་ནས་རི་ཉིལ་ཏེ་ལམ་ཁའི་ཐོག་ས་རྡོ་མུ་མཐུད་ནས་ཁེངས་ཡོང་གི་ཡོད་པའི་སྐོར་བརྗོད་འདུག གཟའ་ཕུར་བུ་དང་པ་སངས་ཉིན་གྲངས་གཉིས་རིང་རྒྱ་ནག་ཟི་ཁྲོན་ཞིང་ཆེན་ནང་ཆར་ཞོད་ཆེན་པོ་བྱུང་ནས་གྲོང་གསེབ་ཁུལ་དུ་མི་གྲངས་གཉིས་རྐྱེན་ལམ་དུ་ཕྱིན་ཡོད་པ་དང་ཆར་ཞོད་ཀྱི་གནོད་འཚེ་ཚབས་ཆེ་ཤོས་གྲན་ཏུ་གྲོང་ཁྱེར་དང་གོང་ཡོན་མན་ཡང་སོགས་ས་གནས་ནང་བྱུང་ཡོད་པའི་སྐོར་རྒྱ་ནག་གཞུང་འབྲེལ་ཤིན་ཧའ་གསར་འགྱུར་བརྒྱུད་ལམ་གྱིས་སྤེལ་བའི་གནས་ཚུལ་ནང་འཁོད་འདུག ས་གནས་གནམ་གཤིས་བརྟག་དཔྱད་ལས་ཁང་གིས་མ་འོངས་གྲོང་ཁྱེར་དང་ལྷག་པར་དུ་ན་ནིང་ས་ཡོམ་གྱི་གནོད་འཚེ་ཕོག་ཡུལ་དུ་ཆར་ཞོད་ཆེན་པོ་འབབ་པའི་རྐྱེན་གྱིས་ཆུ་ལོག་གི་གནོད་འཚེ་ཡོང་སྲིད་པའི་ཉེན་བརྡ་བཏང་ཡོད་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་དང་། ཡུ་གུར། འབར་མའི་སྐད་ཡིག་སྡེ་ཚན་གྱི་ལས་དོན་མཚམས་འཇོག་བྱེད་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ལོ་དགུའི་རིང་ཆུ་དང་གློག་གི་མཐུན་རྐྱེན་བཅད་པར་ཞུ་གཏུགས་བྱེད་མཁན་སྐལ་བཟང་ལགས་བཙོན་འཇུག་བྱས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎