རྒྱ་གཞུང་གིས་ཆབ་མདོའི་ཁུལ་གྱི་བོད་མི་ཐོ་འགོད་བྱེད་བཞིན་པ།

ཆབ་མདོ་ཁུལ་བོད་མི་ལོ་ན་༡༦་ནས་༦༠་བར་ཚང་མས་རང་གི་དཔར་རེ་དང་རྒྱ་སྒོར་བརྒྱ་རེ་ལེན་ནས་རང་མིང་དེབ་འཁྱེར་བྱེད་པའི་ལས་འགུལ།

2011.12.17

༄༅༎བོད་ཆབ་མདོ་ཁུལ་གྱི་ས་གནས་གྲོང་གསེབ་དང་དགོན་སྡེ་སོགས་ཀྱི་ནང་རྒྱ་ནག་གཞུང་གི་ལས་དོན་རུ་ཁག་སླེབས་ནས་ས་གནས་བོད་མི་ལོ་ན་༡༦་ནས་༦༠་བར་ཚང་མས་རང་གི་དཔར་རེ་དང་རྒྱ་མིའི་སྒོར་མོ་བརྒྱ་རེ་ལེན་ནས་རང་མིང་དེབ་འཁྱེར་བྱེད་པའི་ལས་འགུལ་ཞིག་སྤེལ་བཞིན་ཡོད་པ་རེད།
བོད་རིགས་གནས་སྡོད་བྱེད་སའི་ས་ཁུལ་དེ་ཚོའི་ནང་རྒྱ་མི་ལས་བྱེད་ལས་དོན་རུ་ཁག་གར་སར་གནས་སྡོད་བྱས་ཏེ་བོད་མི་ཚོར་མི་འདོད་བཞིན་དུ་ལས་འགུལ་དེའི་ནང་བཞུགས་དགོས་པའི་སྐོར་དང་གལ་ཏེ་བཀའ་སྲུང་ཅི་སྒྲུབ་མ་བྱས་ཚེ་ཉེས་ཆད་ཕོག་སྲིད་པའི་བཙན་བཀའ་བཏང་ནས་བོད་མི་ཚོ་གནས་བཟོད་མི་བདེ་བ་ཞིག་བཟོ་བཞིན་ཡོད་པའི་སྐོར་ས་གནས་ནས་འབྲེལ་ཡོད་བོད་མི་ཞིག་གིས། འདི་ག་ཨེ་ཤེ་ཡའི་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་བཟོད་པ་རྒྱ་མཚོ་ལགས་སུ་ངོ་སྤྲོད་གནང་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎