བོད་ནང་དཔལ་འབྱོར་ལས་ཆོས་དད་རང་དབང་དགོས་གལ་ཆེ།

བོད་མི་ཚོར་དཔལ་འབྱོར་གྱི་ཁེ་ཕན་ལས་དོན་དངོས་ཆོས་དད་རང་དབང་ཆེ་ཙམ་སྤྲོད་རྒྱུ་གལ་ཆེ་བའི་སྐོར་རྒྱ་རིགས་ཤིག་གིས་འབྲི་རྩོམ་བྱས་འདུག

2008.10.16

༄༅༎ཏུང་ཀོང་ཕུ་ཞུ་བས་རྒྱ་ནག་ནང་སྙན་ངག་རྩོམ་བྲིས་དང་དྲ་རྒྱའི་ཐོག་རྩོམ་བྲིས་གནང་མཁན་ཞིག་གིས་རྒྱ་ནག་གཞུང་གིས་བོད་མི་ཚོར་དཔལ་འབྱོར་གྱི་ཁེ་ཕན་བསྐྲུན་ཐོག་ནས་མགོ་བསྐོར་བསླུ་ཕྲིད་བྱེད་པ་ལས་དོན་དངོས་བོད་མི་ཚོར་དགོས་ངེས་ཆེ་བའི་ཆོས་དད་རང་དབང་ཆེ་ཙམ་སྤྲོད་པ་ཡིན་ན་བོད་མིའི་སེམས་འགུག་ཐུབ་རྒྱུའི་རེ་བ་ཆེ་བའི་སྐོར་དྲ་རྒྱའི་ཐོག་འབྲི་རྩོམ་བྱས་འདུག

དེ་ཡང་ཏུང་ཀོང་ཕུ་ཞུ་བས་རྒྱ་རིགས་རྩོམ་བྲིས་པ་དེས་ཆའེ་ན་ཌེ་ལི་ཞེས་པའི་དྲ་རྒྱའི་གསར་ཤོག་སྟེང་རྒྱ་ནག་གི་སྤྱི་ཚོགས་སྐོར་བྲིས་རྩོམ་བྱས་པའི་ནང་རྒྱ་ནག་ནང་གུང་བྲན་ཏང་གི་ཆབ་སྲིད་ལམ་ལུངས་དང་ཁྲོམ་རའི་དཔལ་འབྱོར་ལམ་ལུགས་གཉིས་བཟུང་འབྲེལ་བྱེད་པའི་སྒྲོམ་གཞིའི་འོག་དེང་དུས་ཀྱི་རྒྱ་ནག་དེ་བཞིན་རྒྱུ་དངོས་ཀྱི་འདོད་རྔམ་ཁོ་ནར་འཛིན་པའི་སྤྱི་ཚོགས་ཤིག་ཏུ་གྱུར་ཡོད་པའི་དགོངས་ཚུལ་བྲིས་རྩོམ་བྱས་འདུག ཁོང་གིས་གསུངས་ན་དཔལ་འབྱོར་དང་རྒྱུ་དངོས་གསོག་འཇོག་བྱེད་པའི་ཤུགས་རྐྱེན་ལ་བརྟེན་ནས་དེང་སང་གི་རྒྱ་ནག་ནང་ཆོས་ལ་ཡི་ཆེད་བྱ་མཁན་གྱི་མི་རྣམས་སྤྱི་ཚོགས་ནས་ཟུར་འདོན་བྱས་པ་ལྟ་བུའི་སྣང་ཚུལ་དང་ཡང་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ་རྣམས་ལ་གཞུང་མགོ་རྟིང་སློབ་ཐབས་ཀྱི་ཉེས་བཙུགས་ཕོག་རྒྱུའི་གནས་སྟངས་ཆགས་ཡོད་པ་རེད་ རྒྱུ་དངོས་ཀྱི་འདོད་རྔམས་ལ་བརྟེན་ནས་རྒྱ་ནག་གཞུང་གིས་ཀྱང་མང་ཚོགས་ཀྱི་འཚོ་བའི་གནས་སྟངས་ལ་ཡར་རྒྱས་གཏང་ཐུབ་པ་ཡིན་ན་མང་ཚོགས་ཀྱིས་གཞུང་ལ་བཀྲིན་བསམ་བཞེས་བསྐྲུན་རྒྱུའི་གདེངས་ཚོད་བྱེད་བཞིན་ཡོད་པ་རེད་ ཡིན་ཡང་སྤྱི་ཚོགས་མང་པོའི་ནང་རྒྱུ་དངོས་ལས་ནང་སེམས་ཀྱི་བདེ་སྐྱིད་ཀྱི་དོན་དུ་ཆོས་ཕྱོགས་ཀྱི་བྱེད་སྒོར་རིན་ཐང་ཆེ་བར་རྩིས་སྲོལ་ཡོད་ལ་ལྷག་པར་དུ་རྒྱ་ནག་གི་གྲངས་ཉུང་མི་རིགས་དང་དེའི་ནང་ནས་བོད་ལ་མཚོན་པ་ཡིན་ན་ནང་པ་སངས་རྒྱས་པའི་ཆོས་དེ་བཞིན་བོད་མིའི་སྲོག་རྩ་ལྟ་བུ་ཡིན་པར་གསལ་འདོན་བྱས་འདུག གོང་གསལ་རྩོམ་བྲིས་པས་གསུངས་ན་ས་མཐོའི་བོད་འདི་བཞིན་རྩ་ཆེའི་གནས་ས་ལྟ་བུར་ངོས་འཛིན་གྱིས་མི་མང་པོས་བོད་ནང་འགྲིམ་འགྲུལ་བྱེད་པ་དེ་བོད་མིའི་སྤྱི་ཚོགས་ཞི་བདེ་དང་ཆོས་དད་ཀྱི་བསམ་བློའི་རང་བཞིན་ལ་བརྟེན་ནས་ཡིན་པར་འགྲེལ་བརྗོད་གནང་འདུག དེ་ལྟ་བུའི་སྤྱི་ཚོགས་ལ་དཔལ་འབྱོར་གྱི་མགོ་བསྐོར་བསླུ་ཕྲིད་བྱེད་པ་ལས་ཆོས་དད་ཀྱི་རང་དབང་ཆེ་ཙམ་སྤྲ་ན་རྒྱལ་ཁབ་ཅིག་སྦྲིག་གྱི་ཐད་ནས་ཕན་ནུས་ཆེ་བ་དང་རྒྱ་ནག་གཞུང་གིས་ཀྱང་དེ་ལྟར་ངོས་ལེན་ཐུབ་པ་དངོས་རྒྱུ་གལ་འགང་ཆེན་པོ་ཡིན་པ་བཅས་གསུངས་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎