དྲུག་བཞིའི་སྐབས་འཛིན་བཟུང་བྱས་པ་གློད་འགྲོལ་གཏོང་དགོས།

རྒྱ་ནག་གཞུང་ལ་དེ་སྔ་པེ་ཅིང་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་ཐོག་འཛིན་བཟུང་བྱས་པ་རྣམས་གློད་འགྲོལ་གཏོང་དགོས་པའི་ཛ་དྲག་གི་འབོད་སྐུལ་ཞུས་འདུག

2008.06.03

༄༅༎རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཞིག་གིས་རྒྱ་ནག་གཞུང་ལ་དེ་སྔ་ཕྱི་ལོ་ ༡༩༨༩ ལོའི་པེ་ཅིང་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་ཐོག་སློབ་ཕྲུག་གིས་དམངས་གཙོའི་ལས་འགུལ་སྤེལ་བའི་སྐབས་འཛིན་བཟུང་བྱས་ཏེ་མུ་མཐུད་བཙོན་ཁང་དུ་ཡོད་པ་རྣམས་འཕྲལ་དུ་གློད་འགྲོལ་གཏོང་དགོས་པའི་ཛ་དྲག་གི་འབོད་སྐུལ་ཞུས་ཡོད་པ་རེད།

ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ནང་རྟེན་གཞི་བྱས་པའི་འགྲོ་བ་མིའི་ཐོབ་ཐང་ལྟ་རྟོགས་ཚོགས་པས་རྒྱ་ནག་ཏུ་རིང་མིན་ཕྱི་ཟླ་བརྒྱད་པའི་ནང་རྒྱལ་སྤྱིའི་ཨོ་ལིམ་པིག་རྩེད་འགྲན་ཚོགས་ལ་ཉེ་བའི་སྐབས་དེར་རྒྱ་ནག་གཞུང་གིས་ཕྱི་ལོ་ ༡༩༨༩ ལོའི་སློབ་ཕྲུག་གི་དམངས་གཙོའི་ལས་འགུལ་སྤེལ་བའི་སྐབས་འཛིན་བཟུང་བྱས་པའི་ཆབ་སྲིད་ཀྱི་བཙོན་པ་ ༡༣༠ ཙམ་ཡོད་པ་བཤད་ཀྱི་ཡོད་པ་དེ་རྣམས་གློད་འགྲོལ་བཏང་སྟེ་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཡར་རྒྱས་གཏོང་གི་ཡོད་པ་དེ་རྒལ་སྤྱིའི་ཐོག་ར་སྤྲོད་བྱ་དགོས་པའི་སྐོར་གསུང་ཡོད་པ་རེད། དེ་སྔ་ཕྱི་ལོ་ ༡༩༨༩ ལོའི་ཕྱི་ཟླ་དྲུག་པའི་ཚེས་ ༣ དང་ ༤ ཉིན་རྒྱ་ནག་གི་སློབ་ཕྲུག་ཚོས་པེ་ཅིང་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་ཐོག་དམངས་གཙོའི་ལས་འགུལ་སྤེལ་བར་རྒྱ་ནག་གཞུང་གིས་དམག་དཔུང་བཏང་ཏེ་ཁྲག་དྲི་བྲོ་བའི་དྲག་གནོན་འོག་སློབ་ཕྲུག་བརྒྱ་ཕྲག་དམར་བསད་བཏང་ནས་མི་ལོ་༡༩ འཁོར་བའི་ལོ་འཁོར་གྱི་ཉིན་མོ་ཞིག་ཡིན་ཞིང་། ༨༩ལོའི་དམངས་གཙོའི་སློབ་ཕྲུག་གི་ལས་འགུལ་ཐོག་ནས་བཙོན་འཇུག་བྱས་པའི་གྲངས་ཀ་རྒྱ་ནག་གཞུང་འབྲེལ་གྱི་བསྡོམས་རྩིས་བཏོན་པ་མཐོང་རྒྱུ་མེད་ཀྱང་འཕྲིན་གཏོང་དྲ་བའི་ཐོག་དམངས་གཙོའི་བསམ་ཚུལ་སྤེལ་མཁན་གྱི་རྒྱ་རིགས་ལིའུ་ཤའོ་བོ་སྐབས་དེར་དམངས་གཙོའི་ལས་འགུལ་སྤེལ་བའི་རྗེས་སུ་མི་ལོ་ལྔ་ཙམ་བཙོན་འཇུག་བྱས་ཡོད་པ་དང་ཁོང་གིས་དམངས་གཙོའི་ལས་འགུལ་སྤེལ་མཁན་མི་ལྔ་ལ་རྒྱ་ནག་གཞུང་གིས་ཚེ་བཙོན་གྱི་ཉེས་ཆད་ཐག་གཅོད་བྱས་ཏེ་པེ་ཅིང་གི་བཙོན་ཁང་ཨང་གཉིས་པའི་ནང་ཡོད་པའི་གནས་ཚུལ་ངོ་སྤྲོད་གནང་གི་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་དང་། ཡུ་གུར། འབར་མའི་སྐད་ཡིག་སྡེ་ཚན་གྱི་ལས་དོན་མཚམས་འཇོག་བྱེད་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ལོ་དགུའི་རིང་ཆུ་དང་གློག་གི་མཐུན་རྐྱེན་བཅད་པར་ཞུ་གཏུགས་བྱེད་མཁན་སྐལ་བཟང་ལགས་བཙོན་འཇུག་བྱས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎