ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོའི་ཁུལ་བདེ་འཇགས་ལྷན་ཚོགས།

ལྷོ་རྒྱ་ནག་རྒྱ་མཚོའི་མངའ་ཁུལ་ཡུལ་གྲུ་ཁག་གིས་གླིང་ཕྲན་དེའི་བདག་དབང་གི་གནད་དོན་དེ་ཞི་བའི་ཐབས་ལམ་གྱི་ཐོག་ནས་ཐག་གཅོད་དགོས།

2011.06.04

༄༅༎ཨ་རིའི་སྲུང་སྐྱོབ་དྲུང་ཆེ་རོའོ་སྦཏ་གེཏ་སི་ཡིས་དེ་རིང་གཟའ་སྤེན་པའི་ཉིནལྷོ་རྒྱ་ནག་རྒྱ་མཚོའི་མངའ་ཁུལ་ཡུལ་གྲུ་ཁག་གིས་གླིང་ཕྲན་དེའི་བདག་དབང་གི་གནད་དོན་དེཞི་བའི་ཐབས་ལམ་གྱི་ཐོག་ནས་ཐག་གཅོད་ཡོང་ཐབས་མ་བྱེད་པ་ཡིན་ན། མངའ་ཁུལ་དེའི་ནང་དྲག་པོའི་གདོང་ཐུག་ཡོང་སྲིད་པའི་ཉེན་བརྡ་བཏང་གནང་ཡོད་པ་རེད

ཨ་རིའི་སྲུང་སྐྱོབ་དྲུང་ཆེ་སྐུ་ཞབས་རོའོ་སྦཏ་གེཏ་སི་ཡིསདེང་སྐབས་སིང་ག་པོར་ནང་ཚོགས་བཞིན་པའི་ཨེཤེ་ཡ་དང་བཞི་བདེ་རྒྱ་མཚོའི་མངའ་ཁུལ་བདེ་འཇགས་ལྷན་ཚོགས་ཀྱི་ཐོག་གསུང་ནལྷོ་རྒྱ་ནག་རྒྱ་མཚོའི་གླིང་ཕྲན་གྱི་བདག་དབང་གནད་དོན་ཐོག མངའ་ཁུལ་དེའི་ཡུལ་ཁག་དབར་ཕན་ཚུན་རྩོད་གླེང་གི་གནད་དོན་དེའི་ཐོག་སེམས་ཚབ་བྱ་དགོས་པ་ཞིག་ཆགས་ཀྱི་ཡོད་པ་དང་གླིང་ཕྲན་གྱི་བདག་དབང་གནད་དོན་ཐོག་ཁྲིམས་ཐོག་ནས་ཐག་གཅོད་ཐུབ་པའི་གཞི་རྩ་མེད་པར་བརྟེནགླིང་ཕྲན་གྱི་མངའ་ཁུལ་ཡུལ་ཁག་དབར་ཕན་ཚུན་གྲོས་མཐུན་མ་བྱུང་བ་ཡིན་ན། ལྷོ་རྒྱ་ནག་རྒྱ་མཚོའི་གླིང་ཕྲན་ཁུལ་དུ་དྲག་ཟིང་ཡོང་རྒྱུའི་ཉེན་ཚབས་ཆེན་པོ་ཡོད་པ་གསུང་འདུག  

ལྷོ་རྒྱ་ནག་རྒྱ་མཚོའི་གླིང་ཕྲན་གྱི་ས་ཁོངས་བདག་དབང་ཡོད་ཟེར་མཁན་གྱི་རྒྱལ་ཁབ་རྒྱ་ནག་དང་ ཐེ་དབན  འབར་མམ་ལ་ཤི་ཡ  བེག་ནམ་བཅས་ཀྱི་ས་ཁོངས་དང་འབྲེལ་ཡོད་པར་བརྟེན  ཡུལ་གྲུ་དེ་དག་གིས་རྒྱུན་དུ་ནས་གླིང་ཕྲན་དེའི་བདག་དབང་ལ་རྩོད་གླེང་ཡོད་པ་དང་ལྷག་པར་དུ་གླིང་ཕྲན་དེའི་ནང་རང་འབྱུང་གི་ཐོན་ཁུངས་ཕུན་གསུམ་ཚོགས་པ་ཡོད་པར་བརྟེན་ནས  དག་དབང་རྩོད་གླེང་གི་གནད་དོན་དེ་དེང་སྐབས་དེ་བས་ཤུགས་ཆེ་རུ་འགྲོ་བཞིན་ཡོད་པ་རེདདེར་བརྟེན་ད་རེས་ཨ་རིའི་སྲུང་སྐྱོབ་དྲུང་ཆེ་མཆོག་ནསལྷོ་རྒྱ་ནག་རྒྱ་མཚོའི་གླིང་ཕྲན་གྱི་བདག་དབང་ཡོད་ཟེར་མཁན་གྱི་ཡུལ་གྲུ་དེ་དག་གིསཕྱི་ལོ་༢༠༠༢ལོར་ལྷོ་ཤར་ཨི་ཤི་ཡའི་མཐུན་ཕྱོགས་ཡུལ་ཁག་གི་ལྷནཚོགས་དང་རྒྱ་ནག་བཅས་དབར་བཞག་པའི་ཆིངས་ཡིག་གཞིར་ཟུང་ཞི་བའི་ཐོག་ནས་གླིང་ཕྲན་དེའི་བདག་དབང་གནད་དོན་ཐག་གཅོད་ཡོང་ཐབས་གནང་དགོས་པའི་འབོད་སྐུལ་གནང་ཡོད་པ་རེད་

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཀའ་ཁག་ཆེ་བའི་དུས་སྐབས་འདིར་༸རྒྱལ་དབང་རིན་པོ་ཆེ་ཡོད་བསམ་ནས་བློ་བདེ་པོ་བྱོས་ཞེས་མཇལ་བཅར་བ་ཚོར་བཀའ་སྩལ་མཛད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎