ལོན་ཌོན་གྲོང་ཁྱེར་སྤྱི་ཁྱབ་པར་ཨོ་ལིམ་པིག་དར་ཆ་རྩིས་སྤྲོད་བྱས།

པེ་ཅིང་དུ་ཨོ་ལིམ་པིག་རྩེད་འགྲན་མཇུག་བསྒྲིལ་ཏེ་དབྱིན་ཇིའི་རྒྱལ་ས་ལོན་ཌོན་གྱི་གྲོང་ཁྱེར་སྤྱི་ཁྱབ་པར་ཨོ་ལིམ་པིག་དར་ཆ་རྩིས་སྤྲོད་བྱས་འདུག

2008.08.24

༄༅༎རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་ཨོ་ལིམ་པིག་ལུས་རྩལ་འགྲན་ཚོགས་ཐེངས་ཉི་ཤུ་རྩ་དགུ་པ་མཇུག་བསྒྲིལ་ཏེ་ལོ་ངོ་བཞིའི་རྗེས་ཕྱི་ལོ་༢༠༡༢ ལོའི་མགྲོན་བདག་དབྱིན་ཇིའི་རྒྱལ་ས་ལོན་ཌོན་གྱི་གྲོང་ཁྱེར་སྤྱི་ཁྱབ་པར་ཨོ་ལིམ་པིག་དར་ཆ་རྩིས་སྤྲོད་བྱ་རྒྱུ་ཡིན་པ་རེད་ རྒྱ་ནག་རྒྱལ་ས་པེ་ཅིང་དུ་མཇུག་བསྡོམས་མཛད་སྒོ་དགོང་དྲོའི་ཆུ་ཚོད་བརྒྱད་པར་འགོ་བཙུགས་གནང་སྟེ་འཁྲབ་སྟོན་སོགས་མཛད་རིམ་ལྟར་ལེགས་གྲུབ་བྱུང་རྗེས་ད་ནས་ལོ་ངོ་བཞིའི་རྗེས་སུ་ཨོ་ལིམ་པིག་ལུས་རྩལ་འགྲན་ཚོགས་ཀྱི་མགྲོན་བདག་དབྱིན་ཇིའི་རྒྱལ་ས་ལོན་ཌོན་གྱི་གྲོང་ཁྱེར་སྤྱི་ཁྱབ་པས་རྒྱ་ནག་གི་རྒྱལ་ས་པེ་ཅིང་གྲོང་ཁྱེར་སྤྱི་ཁྱབ་པ་ནས་ཨོ་ལིམ་པིག་གི་དར་ཆ་རྩིས་སྤྲོད་རྩིས་ལེན་གནང་སྲོལ་ཡོད་ཅིང་ དེའི་གོ་དོན་ནི་ ཨོ་ལིམ་པིག་ནི་སྲིད་དོན་ཚོགས་པ་མིན་ཞིང་ ཚོང་ལས་སྡེ་ཚན་ཡང་མིན་པ་མངོན་པར་གསལ་བའི་ཆེད་དུ་ཡིན་པ་དེ་ལྟར་ཡང་ ཨོ་ལིམ་པིག་ལུས་རྩལ་འགྲན་ཚོགས་ཀྱི་གྲོང་ཁྱེར་བདམས་ཐོན་བྱུང་རྗེས་རྒྱལ་ཁབ་སོ་སོའི་སྲིད་དོན་གྱི་དགོས་མཁོའི་ཆེད་དུ་ཁ་ཕྱོགས་བསྒྱུར་བའི་ལོ་རྒྱུས་མང་པོ་བྱུང་ཡོད་པ་རེད་ གང་ལྟར་ཕྱི་ལོ་༢༠༡༢ ལོར་ཨོ་ལིམ་པིག་ལུས་རྩལ་འགྲན་བསྡུར་བྱ་ཡུལ་དབྱིན་ཇིའི་རྒྱལ་ས་ལོན་ཌོན་དེ་བཞིན་མི་རིགས་དང་ཆོས་ལུགས་འདྲ་མིན་གནས་སྡོད་བྱ་ཡུལ་མང་གཙོའི་ལམ་སྲོལ་དང་ རང་དབང་ཡོད་པའི་རྒྱལ་ཁབ་ཅིག་ཡིན་སྟབས་ པེ་ཅིང་ཨོ་ལིམ་པིག་ལྟར་དམ་བསྒྲགས་མེད་པར་འགྲོ་བ་མིའི་རང་བཞིན་དང་རང་དབང་མངོན་པར་གསལ་བ་བྱེད་ཐུབ་པའི་མངོན་དཔག་གནང་གི་ཡོད་པ་རེད་ འོན་ཀྱང་རྒྱ་ནག་གཞུང་གིས་ཨོ་ལིམ་པིག་ལུས་རྩལ་འགྲན་ཚོགས་ཆེད་དངུལ་གྲོན་ཨ་རིའི་ཌོ་ལར་ཐེར་འབུམ་བཞི་བཅུ་བརྒལ་བཏང་བ་མ་ཟད་ སྲིད་དབང་གཅིག་སྡུད་ལམ་ལུགས་འོག་བཀའ་བཀོད་དང་ དམ་བསྒྲགས་ཤིན་ཏུ་ཆེན་པོ་བྱས་པ་ལྟར་མང་གཙོའི་ཡུལ་གྲུའི་ནང་ཡོང་ཐབས་མེད་པ་ཡང་གསལ་པོ་ཡིན་པ་རེད་ གང་ལྟར་འབྱུང་འགྱུར་གྱི་ཨོ་ལིམཔིག་མགྲོན་བདག་དབྱིན་ཇིའི་རྒྱལ་ས་ལོན་ཌོན་ནང་མི་མང་བཞི་ཁྲི་བརྒལ་བ་དབྱིན་ཇིའི་རྒྱལ་མོའི་ཕོ་བྲང་མདུན་དུ་རང་མོས་འདུ་འཛོམས་ཀྱིས་དགའ་བསུའི་སྟོན་མོ་གནང་བཞིན་པའི་གནས་ཚུལ་ཐོན་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཀའ་ཁག་ཆེ་བའི་དུས་སྐབས་འདིར་༸རྒྱལ་དབང་རིན་པོ་ཆེ་ཡོད་བསམ་ནས་བློ་བདེ་པོ་བྱོས་ཞེས་མཇལ་བཅར་བ་ཚོར་བཀའ་སྩལ་མཛད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎