རྒྱ་གར་གྱི་ཚོགས་པ་གཉིས་ནས་བོད་སྐོར་རྒྱ་ནག་དང་གླེང་སློང་།

རྒྱ་གར་གྱི་སྦི་ཇེ་པི་དང་ཨར་ཨེསི་ཨེསི་ཚོགས་པ་གཉིས་ནས་བོད་དང་ས་མཚམས་ཀྱི་དཀའ་རྙོག་སྐོར་རྒྱ་ནག་དང་གླེང་སློང་གནང་ཡོད་འདུག

2009.01.19

༄༅༎རྒྱ་གར་གྱི་སྦི་ཇེ་པི་དང་ཨར་ཨེསི་ཨེསི་ཚོགས་པ་གཉིས་ནས་བོད་དང་ས་མཚམས་ཀྱི་དཀའ་རྙོག་སྐོར་རྒྱ་ནག་དང་གླེང་སློང་གནང་ཡོད་པའི་གནས་ཚུལ་ཐོན་འདུག

དེ་ཡང་ཨར་ཨེསི་ཨེསི་ཞེས་པའི་རྒྱ་གར་གྱི་ཚོགས་པ་དང་ཆབ་སྲིད་ཚོགས་པ་སྦི་ཇེ་པི་གཉིས་ཀྱི་འཐུས་མི་ཁག་ཅིག་ཉེ་ཆར་རྒྱ་ནག་ནང་འཚམས་འདྲི་གཟིགས་བསྐོར་ཕེབས་ནས་ཕྱིར་འཁོར་གྱིས་ཨར་ཨེསི་ཨེསི་ཚོགས་པའི་འགན་འཛིན་རམ་མ་དལྦ་གྱིས་ཀྲ་ཡེམ་སེ་ཨོཕ་ཨིན་ཌི་ཡའི་གསར་འགྱུར་ལས་ཁུངས་སུ་གསུངས་པ་ཞིག་ལུང་འདྲེན་བྱས་པར་ལྟར་ན་རྒྱ་ནག་གི་འབྲེལ་ཡོད་དཔོན་རིགས་ཚོ་དང་མཇལ་འཕྲད་སྐབས་རྒྱལ་སྤྱིའི་ནང་གི་དཔལ་འབྱོར་ཉམས་རྒུད་འགྲོ་བཞིན་པའི་གནས་སྟངས་དང་འཇིགས་སྐུལ་དྲག་སྤྱོད་ཀྱི་ལས་འགུལ་སྤེལ་བཞིན་པའི་སྐོར་གནས་ཚུལ་སོགས་སེམས་འཚབ་འོས་པའི་གནད་དོན་སྤྱི་དང་ལྷག་པར་དུ་རྒྱ་དཀར་ནག་གི་རྩོད་རྙོག་ཅནགྱི་ས་མཚམས་དང་བོད་ཀྱི་གནད་དོན་བཅས་ཀྱི་ཐོག་ཀྱང་གླེང་སློང་བྱུང་ཡོད་འདུག

བོད་ཀྱི་གནད་དོན་ཐོག་གླེང་སློང་བྱས་པའི་སྐབས་རྒྱ་གར་གྱི་ཚོགས་པ་གཉིས་ཀྱི་འཐུས་མི་ཚོའི་ངོས་ནས་༸གོང་ས་ཏཱ་ལའི་བླ་མ་མཆོག་ནི་གུས་བརྩི་ཞུ་ཡུལ་ཞིག་ཡིན་ལུགས་གསུངས་པའི་སྐབས་རྒྱ་ནག་གི་ཕྱོགས་ནས་༸གོང་ས་མཆོག་ཆབ་སྲིད་འཁྲབ་གནང་མཁན་ཞིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད་ལུགས་འགྲེལ་བརྗོད་གནང་འདུག

ཡང་གོང་ཞུས་མཇལ་འཕྲད་དེའི་སྐབས་རྒྱ་གར་དང་བལ་ཡུལ་ནང་གི་མའོའི་གྱེན་ལོག་ཤོག་ཁག་གི་གནད་དོན་སྐོར་བཀའ་མོལ་གནང་བའི་སྐབས་རྒྱ་ཕྱོགས་ནས་ཤོག་ཁག་དེ་དག་ནི་མའོའི་མིང་ཙམ་ཡོད་པ་ལས་མའོའི་ལྟ་བ་དང་རྩ་བ་ནས་འབྲེལ་བ་མེད་པ་ཞིག་རེད་ལ་ཚོགས་པ་དེ་དག་དང་རྒྱ་ནག་གུང་བྲན་ཚོགས་པ་གཉིས་འབྲེལ་བ་རྩ་བ་ནས་མེད་ལུགས་ལན་འདེབས་རྒྱབ་ཡོད་འདུག གང་ལྟར་ད་རེས་རྒྱ་གར་གྱི་ཚོགས་པ་གཉིས་ཀྱི་འཐུས་མི་རྒྱ་ནག་ནང་གཟིགས་བསྐོར་ཕེབས་པ་དེས་བཀའ་བསྡུར་ལྷུག་པོ་བྱུང་ཡོད་པར་ངོས་འཛིན་བྱེད་ཀྱི་ཡོད་ལུགས་གསུངས་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎