ར་ཤི་ཡས་འཇོར་ཇེ་ཡའི་ཐོག་རྒྱ་ནག་ནས་རྒྱབ་སྐྱོར་ཡོང་ཐབས།

ར་ཤི་ཡས་ལྷོ་ཨོ་སེ་དྲེ་ཡ་དང༌ཨ་ཁ་ཛ་ཡེ་མངའ་སྡེ་གཉིས་ཀྱི་གནད་དོན་འདིའི་ཐོག་རྒྱ་ནག་ནས་རྒྱབ་སྐྱོར་ཡོང་ཐབས་བྱེད་བཞིན་ཡོད་འདུག

2008.08.27

༄༅༎ཨ་མི་རི་ཀས་གཙོས་ཡུ་རོབ་ཡུལ་གྲུ་ཁག་ནས་ར་ཤི་ཡས་ཉེ་ཆར་རྩོད་རྙོག་ཅན་ལྷོ་ཨོ་སེ་དྲེ་ཡ་དང༌། ཨ་ཁ་ཛ་ཡེ་མངའ་སྡེ་གཉིས་རང་བཙན་རྒྱལ་ཁབ་ཏུ་ངོས་འཛིན་བྱས་པ་དེར་སྐྱོན་བརྗོད་ཤུགས་ཆེ་བྱས་དང་བྱེད་བཞིན་ཡོད་ཙང་གནད་དོན་འདིའི་ཐོག་ད་ཆ་ར་ཤི་ཡར་ཁེར་རྐྱང་ལྟབུ་ལུས་རྒྱུའི་ཉེན་ཁ་མཐོང་ནས་རྒྱ་ནག་ནས་རྒྱབ་སྐྱོར་ཡོང་ཐབས་བྱེད་བཞིན་ཡོད་འདུག། དེ་ཡང་དེ་རིང་རེས་གཟའ་ལྷག་པའི་ཉིན་ར་ཤི་ཡའི་སྲིད་འཛིན་མཆོག་ཏ་ཇ་ཀི་སི་ཏན་ནང་ཚོགས་འདུ་ཞིག་ཏུ་ཕེབས་པའི་ཞོར་ལ་རྒྱ་ནག་གི་སྲིད་འཛིན་ཧུའུ་ཇིན་ཏའོ་དང་མཇལ་འཕྲད་གནང་གི་ཡོད་པ་དང༌། སྐབས་དེར་རྒྱ་ནག་ནས་རྒྱབ་སྐྱོར་ཡོང་ཐབས་སུ་བཀའ་མོལ་གནང་འཆར་ཡོད་འདུག།

དེའི་གོང་ར་ཤི་ཡས་འཇར་མན་གྱི་སྲིད་བློན་མཆོག་དང་བཀའ་མོལ་ཞུས་ཡོད་ཀྱང་འཇར་མན་ངོས་ནས་ནུབ་ཕྱོགས་རྒྱལ་ཁབ་གཞན་མཚུངས་ར་ཤི་ཡའི་བྱ་སྤྱོད་ལ་རྒྱབ་སྐྱོར་གནང་རྒྱུའི་ཚབ་ཏུ་ངོ་རྒོལ་གནང་ཡོད་པ་དང་དེ་དང་ཕྱོགས་མཚུངས་ཕེ་རན་སིའི་ངོས་ནས་ཀྱང་ར་ཤི་ཡའི་བྱ་སྤྱོད་དེ་ནི་རྒྱལ་སྤྱིའི་ཁྲིམས་དང་མི་མཐུན་པ་རེད་ལ་དེར་ཡུ་རོབ་མཐུན་ཚོགས་ནས་ངོས་ལེན་བྱེད་ཐབས་མེད་པ་ཞིག་རེད་ཅེས་གསུངས་ནས་གང་ལྟར་ཡུ་རོབ་རྒྱལ་ཁབ་ཚོས་ར་ཤི་ཡས་རྩོད་རྙོག་ཅན་གྱི་ལྷོ་ཨོ་སེ་དྲེ་ཡ་དང་། ཨ་ཁ་ཛ་ཡེ་གཉིས་རང་བཙན་ཡིན་པར་ངོས་ལེན་བྱས་པ་དེར་ངོ་རྒོལ་མཐའ་ཅིག་ཏུ་བྱེད་བཞིན་ཡོད་པ་རེད། ར་ཤི་ཡའི་ངོས་ནས་གོང་ཞུས་མངའ་སྡེ་དེ་གཉིས་སུ་སྲུང་སྐྱོབ་ཆེད་དམག་དཔུང་ད་ལྟའང་འགྲེམས་འཇོག་བྱེད་བཞིན་ཡོད་པ་རེད། མངའ་སྡེ་དེ་གཉིས་དེ་སྔ་ཨུ་རུ་སུ་ཁ་ཐོར་ཕྱིན་པའི་སྐབས་རྩོད་གཞི་ཅན་ཞིག་ཡིན་ནའང་འཇོར་ཇེ་ཡའི་མངའ་ཁོངས་སུ་ཆགས་པ་ཞིག་ཡིན་པ་རེད། ཡིན་ནའང་ཁུལ་དེའི་ནང་གི་མི་མང་བརྒྱ་ཆ་མང་བས་རང་བཙན་ལོགས་སུ་དགོས་འདུན་བཏོན་པ་དེར་ར་ཤི་ཡས་རྒྱབ་སྐྱོར་བྱས་པ་ཞིག་ཡིན་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཀའ་ཁག་ཆེ་བའི་དུས་སྐབས་འདིར་༸རྒྱལ་དབང་རིན་པོ་ཆེ་ཡོད་བསམ་ནས་བློ་བདེ་པོ་བྱོས་ཞེས་མཇལ་བཅར་བ་ཚོར་བཀའ་སྩལ་མཛད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎