ཧོང་ཀོང་ར་ཤི་ཡའི་རྒྱལ་སའི་མིག་དཔེར་བསྒྱུར་ཡོད་པ།

ར་ཤི་ཡའི་སྲིད་འཛིན་གྱིས་ཧོང་ཀོང་ར་ཤི་ཡས་མིག་དཔེ་བལྟ་ས་ཞིག་དུ་བསྒྱུར་ཡོད་ལུགས་གསུངས་བའི་གནས་ཚུལ།

2011.04.17

༄༅༎ར་ཤི་ཡའི་སྲིད་འཛིན་ཌི་མི་ཊིརི་མེརྡ་ལྦེ་རྡེལྦ་མཆོག་གིས་སྣེ་ཁྲིད་པའི་ཚོང་དོན་སྐུ་ཚབ་ཚོགས་པ་ཞིག་ཧོང་ཀོང་ནང་གཟིགས་སྐོར་ཡོད་པ་ལྟར་རེས་གཟའ་ཉི་མའི་ཉིན་ར་ཤི་ཡའི་སྲིད་འཛིན་གྱིས་ཧོང་ཀོང་གིས་ཉམས་མྱོང་གང་བསགས་པ་དེ་ང་ཚོས་མིག་དཔེ་བལྟ་ས་ཤིག་ཆགས་ཡོད་སྐོར་གསུངས་གནང་འདུག གཟིགས་སྐོར་འདིའི་ཐོག་ནས་དཔལ་འབྱོར་གྱི་དཀའ་ངལ་ཆེན་པོའི་ནང་ལྷུངས་པའི་ར་ཤི་ཡས་སླད་ཕྱིན་ཆད་ནས་རྡོ་སྣུམ་གྱི་ཚོང་འབྲེལ་ཁོ་ན་མ་ཡིན་པར་ཚོང་འབྲེལ་རྒྱ་བསྐྱེད་ཀྱིས་ཕྱི་རྒྱལ་ནས་མ་རྩ་འཛུགས་རྒྱུའི་ཁོར་ཡུག་བསྐྲུན་རྒྱུའི་ཁས་ལེན་གནང་ཡོད་འདུག སྲིད་འཛིན་མེརྡ་ལྦེ་རྡེལྦ་དང་ཧོང་ཀོང་གི་སྤྱི་ཁྱབ་ཌོ་ནལྜི་ཙང་རྣམ་གཉིས་མཇལ་འཕྲད་སྐབས་ར་ཤི་ཡས་ཧོང་ཀོང་གི་དཔལ་འབྱོར་གྱི་ལམ་ལུགས་དེར་ཤི་ཡས་མིག་དཔེ་ལེན་ས་ཤིག་ཆགས་ཡོད་པས་ ར་ཤི་ཡ་ཡང་རིང་མིན་ཧོང་ཀོང་ནང་བཞིན་རྒྱལ་སྤྱིའི་ཚོང་འབྲེལ་གྱི་ལྟེ་གནས་ཤིག་ཏུ་བསྒྱུར་རྒྱུའི་སྐོར་བཀའ་བསྡུར་གནང་ཡོད་འདུག ཧོང་ཀོང་གི་སྤྱི་ཁྱབ་ཀྱིས་བར་ལམ་ནས་ར་ཤི་ཡའི་རང་འབྱུང་གཏེར་ལས་ཁང་གཉིས་ཧོང་ཀོང་གི་མ་བཤེར་ཁྲོམ་རའི་ནང་འཛུལ་ཞུགས་བྱས་ཡོད་པ་དེར་བསྡགས་བརྗོད་གནང་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་དང་། ཡུ་གུར། འབར་མའི་སྐད་ཡིག་སྡེ་ཚན་གྱི་ལས་དོན་མཚམས་འཇོག་བྱེད་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ལོ་དགུའི་རིང་ཆུ་དང་གློག་གི་མཐུན་རྐྱེན་བཅད་པར་ཞུ་གཏུགས་བྱེད་མཁན་སྐལ་བཟང་ལགས་བཙོན་འཇུག་བྱས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎