རྒྱ་ནག་གི་བྱང་ཕྱོགས་སུ་ཐལ་འཚུབ་ཤུགས་ཆེ་བརྒྱབ་པ།

རྒྱ་ནག་གི་བྱང་ཕྱོགས་ཁུལ་དུ་རླུང་འཚུབ་དང་བྱེ་མའི་ཐལ་རླུང་ཤུགས་ཆེན་པོ་ཡོང་པའི་སྔོན་བརྟ་བཏང་ཡོད་པ།

2012.04.01

༄༅༎རེས་གཟའ་ཉི་མའི་ཕྱི་དྲོ་རྒྱ་ནག་གི་གནམ་གཤིས་ལས་ཁུངས་ཀྱི་དཔོན་རིགས་ནས། རླུང་འཚུབ་དང་བྱེ་མེའི་ཐལ་རླུང་ཚོུད་༢༤ ནང་ལ་རྒྱ་ནག་གི་བྱང་ཕྱོགས་ས་ཁུལ་ནང་ཤུགས་ཆེན་པོ་རྒྱབ་རྒྱུ་ཡིན་པའི་སྔོན་བརྡ་བཏང་ཡོད་པ་རེད།
དེ་ཡང་རེས་གཟའ་ཉི་མའི་ཕྱོ་དྲོའི་ཚོུད་༦ པར་རྒྱ་ནག་རྒྱལ་ཡོངས་གནམ་གཤིས་ལས་ཁང་བསྟི་གནས་ཁང་ནས་བྱེ་མེའི་ཐལ་རླུང་ཤུགས་ཚད་ནི་བརྡ་མཚོན་གཞི་སྔོན་པ་ཉེན་བརྡ་བཏང་ཡོད་ཅིང༌། མཚོན་གཞི་སྔོན་པོའི་ཉེན་བརྡ་དེ་ནི་དམའ་ཤོས་ཡིན་ཞིང༌། སྔོན་བརྡའི་ནང་དུ་བྱེ་མའི་ཐལ་རླུང་ནི་ཤིང་ཅང་རང་སྐྱོང་ས་ཁུལ་དང༌། ནང་སོག་རང་སྐྱོང་ས་ཁུལ། ནིང་ཤིཡ་ ཧུཨི་Ningxia Hui རིགས་སྐྱོང་ས་ཁུལ། ཀན་སུར་ཞིང་ཆེན་དང༌། ཧྲན་ཤི་དང་ཧྲན་ཤི་(Shanxi)ནང་རྒྱབ་རྒྱུ་ཡིན་པ་བཤད་ཡོད་པ་མ་ཟད། མིང་འདོན་བྱས་པའི་ས་ཁུལ་དེ་དག་ནང་གི་མི་དམངས་ཚོར་དོགས་གཟོན་བྱ་དགོས་པ་དང༌། མོ་ཊའི་འགྲོ་ལམ་གྱི་བདེ་འཇགས་ལ་འགན་ལེན་བྱ་དགོས་པའི་སྔོན་བརྡ་བཏང་ཡོད་པ་རེད།།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎