ཕེ་རན་སིའི་སྲིད་འཛིན་རྒྱ་ནག་ཏུ་འཚམས་གཟིགས།

རེས་གཟའ་ལྷག་པའི་ཉིན་ཕེ་རན་སིའི་སྲིད་འཛིན་ནི་ཀོ་ལ་སི་སར་ཀོ་ཛི་མཆོག་རྒྱ་ནག་ཏུ་གཟིགས་སྐོར་ལ་ཕེབས་གཏན་འཁེལ་ཡོད་པ་རེད་

2010.04.26

༄༅༎རྒྱ་ནག་དང་ཕེ་རན་སིའི་དབར་ལོ་ངོ་གཉིས་ཀྱི་གོང་བོད་ཀྱི་གནད་དོན་གྱིས་རྐྱེན་པས་ཡུལ་གྲུ་གཉིས་ཀྱི་འབྲེལ་ལམ་ཇེ་སྡུག་ཏུ་གནས་པའི་རྗེས་ད་རེས་གཟའ་ལྷག་པའི་ཉིན་ཕེ་རན་སིའི་སྲིད་འཛིན་ནི་ཀོ་ལ་སི་སར་ཀོ་ཛི་མཆོག་རྒྱ་ནག་ཏུ་གཟིགས་སྐོར་ལ་ཕེབས་གཏན་འཁེལ་ཡོད་པ་རེད་

ཕེ་རན་སིའི་སྲིད་འཛིན་མཆོག་སྲིད་འཛིན་གྱི་ཐུགས་འགན་བཞེས་པའི་རྗེས་རྒྱ་ནག་ནང་ཕེབས་པ་ད་རེས་ཐེངས་གཉིས་པ་དེ་ཡིན་ཞིང་དུས་ཡུན་ཉིན་གྲངས་གསུམ་རིང་རྒྱ་ནག་ནང་འཚམས་གཟིགས་གནང་རིང་ཕེ་རན་སིའི་སྲིད་འཛིན་དང་རྒྱ་ནག་གི་འགོ་ཁྲིད་ལྦུའུ་ཇིང་ཐའོ་དང་རྒྱ་ནག་མི་མང་འཐུས་མི་ཚོགས་ཆེན་གྱི་ཚོགས་གཙོ་ལྦུའུ་པང་གོའོ་སོགས་རྒྱ་ནག་གི་དཔོན་རིགས་ཚོ་དང་ལྷན་དུ་མཇལ་འཕྲད་གནང་འཆར་ཡོད་ཅིང་ ཕེ་རན་སིའི་སྲིད་འཛིན་དང་རྒྱ་ནག་གི་དཔོན་རིགས་ཚོའི་དབར་མཇལ་འཕྲད་གནང་བའི་སྐབས་ ཨི་རན་གྱི་རྡུལ་ཕྲན་གོ་མཚོན་ལས་གཞིའི་གནད་དོན་ཐོག་ཕན་ཚུན་བཀའ་བསྡུར་གནང་རྒྱུ་སོགས་སྲིད་དོན་གྱི་གནད་དོན་ཁག་ཅིག་གི་ཐོག་བཀའ་མོལ་གནང་འཆར་ཡོད་པ་དང་  གཟའ་པ་སངས་ཉིན་རྒྱ་ནག་གི་གྲོང་ཁྱེར་ཧྲང་ཧད་ནང་ཚོགས་རྒྱུའི་རྒྱལ་སྤྱིའི་འགྲེམས་སྟོན་དུས་སྟོན་དབུ་འབྱེད་མཛད་སྒོར་མཉམ་བཞུགས་གནང་རྒྱུ་ཡིན་པའི་སྐོར་ཕེ་རན་སི་སྲིད་འཛིན་ལས་ཁང་གིས་གནས་ཚུལ་ཕྱིར་བསྒྲགས་གནང་འདུག

ཕེ་རན་སིའི་ནང་ཡོད་པའི་རྒྱ་ནག་གི་འབྲེལ་ཡོད་མི་སྣས་རྒྱ་ནག་གཞུང་གིས་ད་རེས་ཕེ་རན་སིའི་སྲིད་འཛིན་མཆོག་རྒྱ་ནག་ནང་ཕེབས་ཡས་ཀྱི་ཐོག་དོ་སྣང་དང་གལ་འགངས་ཆེན་པོར་རྩིས་ནས་ཕྱི་ལོ་ཉིས་སྟོང་བཅུ་ལོ་དེ་ཕེ་རན་སི་དང་རྒྱ་ནག་དབར་གྱི་འབྲེལ་ལམ་བཟང་ཕྱོགས་སུ་འགྲོ་རྒྱུའི་ལོ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་ལུགས་བརྗོད་ཡོད་པ་རེད་

ཕྱི་ལོ་ཉིས་སྟོང་བདུན་ལོར་ཕེ་རན་སིའི་སྲིད་འཛིན་སར་ཀོ་ཛི་མཆོག་སྲིད་འཛིན་དུ་འོས་འདེམས་བྱུང་ནས་ཟླ་བ་དྲུག་ཕྱིན་པའི་སྐབས་རྒྱ་ནག་ནང་རྒྱལ་དོན་འཚམས་གཟིགས་ཐོག་མ་དེ་གནང་ཡོད་པ་དང་དེ་རྗེས་ཉིས་སྟོང་བརྒྱད་ལོར་རྒྱ་ནག་གི་ཨོ་ལིམ་ཕིག་རྩེདའགྲན་གྱི་དཔལ་འབར་ཕ་རན་སི་ཡུལ་ནང་སྐོར་སྐྱོད་བྱེད་པའི་སྐབས་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་ཤུགས་ཆེའི་ངོ་རྒོལ་བྱས་པ་མ་ཟད་དེ་རྗེས་བོད་ནང་གི་ཞི་རྒོལ་ཆེན་པོ་བྱུང་སྟེ་རྒྱ་ནག་གིས་བོད་མིའི་ཐོག་དྲག་གནོན་གྱི་སྲིད་བྱུས་འཛིན་པར་ཕེ་རན་སིའི་གཞུང་ནས་ཤུགས་ཆེའི་སྐྱོན་བརྗོད་གནང་ནས་ཕེ་རན་སི་དང་རྒྱ་ནག་དབར་གྱི་འབྲེལ་ལམ་ཡང་ཇེ་སྡུག་ཏུ་ཕྱིན་ཡོད་པ་རེད་  

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎