ཕེ་རན་སིའི་སྲིད་འཛིན་ནས་༸གོང་ས་མཆོག་ལ་མཇལ་འཕྲད་སྐོར།

ཡོ་རོབ་མ་ཉམ་འབྲེལ་ལྷན་ཁང་གི་ཕྱི་འབྲེལ་ལས་དོན་འགན་འཛིན་ནས་ཕེ་རན་སི་སྲིད་འཛིན་ནས་༸གོང་ས་མཆོག་མཇལ་རྒྱུར་དགའ་བསུ་ཡོད་པ།

2008.07.11

༄༅༎ཡོ་རོབ་མ་ཉམ་འབྲེལ་ལྷན་ཁང་གི་ཕྱི་འབྲེལ་ལས་དོན་འགན་འཛིན་ལྕམ་ སྦི་ནེ་ཀྲ་ཕེ་རེ་རོ་ ལྦོལ་ཌི་ནར་ མཆོག་གིས་ཕེ་རན་སིའི་སྲིད་འཛིན་ནི་ཀོ་ལ་སེ་སར་ཀོ་ཛི་མཆོག་ནས་བོད་མིའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མཇལ་འཕྲད་ཞུ་རྒྱུར་དགའ་བསུ་ཡོད་པའི་སྐོར་གསུང་ཡོད་པ་རེད།

དེ་ཡང་ལྕམ་སྦེ་ནི་ཀྲ་ཕེ་རེ་རོ་ལྦོལ་ཌི་ནར་མཆོག་གིས་དེ་རིང་ཡོ་རོབ་མཉམ་འབྲེལ་སྒྲིག་འཛུགས་སོགས་ཡོ་རོབ་ཀྱི་ལས་ཁུངས་རྟེན་གཞི་བྱེད་ཡུལ་སྦེལ་ཇིཡེམ་གྱི་རྒྱལ་ས་སྦ་ར་སེལ་སེ་ནང་ཚོགས་པའི་ལྷན་ཚོགས་ཐོག་ལ་ཏཱ་ལའི་བླ་མ་ནི་ང་ཚོ་ཚང་མའི་ཆོས་ཕྱོགས་ཀྱི་དབུ་ཁྲིད་ཅིག་ཡིན་པར་བརྟེན་ནས་ཕེ་རན་སིའི་སྲིད་འཛིན་སར་ཀོ་ཛོ་༸གོང་ས་ཏཱ་ལའི་བླ་མ་དང་མཇལ་འཕྲད་ཞུ་མི་དགོས་པའི་རྒྱུ་མཚན་ག་རེ་ཡོད་དམ། ངས་བྱས་ན་དེ་ནི་གནས་སྟངས་ལ་རག་ལུས་ཡོད་པ་དང་ལྷག་པར་དུ་སྲིད་འཛིན་མཆོག་གིས་མཇལ་འཕྲད་ཞུ་རྒྱུའི་སྲིད་ཇུས་འཛིན་བཞིན་པ་དེ་ནི་དྲང་བདེན་གྱི་གནས་སྟངས་ཤིག་དང་ཁ་ཕྱོགས་དྲང་བདེན་ཞིག་ཡིན་པ་ང་ཚོའི་རྒྱ་མི་རིགས་གྲོགས་པོ་རྣམས་ལ་ལན་བརྡ་སྤྲོད་དགོས་ཞེས་གསུང་ཡོད་པ་རེད། རེས་གཟའ་མིག་དམར་ཉིན་རྒྱ་ནག་གི་གཞུང་ཚབ་པ་ ཁུང་ཆོན་ གྱིས་ཕེ་རན་སིའི་སྲིད་འཛིན་སར་ཀོ་ཛི་ཡིས་ཏཱ་ལའི་བླ་མ་དང་མཇལ་འཕྲད་གནང་བ་ཡིན་ཚེ་རྒྱ་ནག་དང་ཕེ་རན་སི་ཡུལ་གྲུ་གཉིས་བར་གྱི་འབྲེལ་ལམ་ལ་ཚབས་ཆེའི་མཇུག་འབྲས་ཞིག་ཐོན་རྒྱུ་ཡིན་པའི་ཉེན་བརྡ་བཏང་ཡོད་ཀྱང་སྲིད་འཛིན་སར་ཀོ་ཛི་མཆོག་གིས་རིང་མིན་ཕྱི་ཟླ་བརྒྱད་པའི་ཚེས་༡༢ དང་ ༡༣ བར་བོད་མིའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕེ་རན་སི་ནང་ཆིབས་བསྒྱུར་བསྐྱང་བའི་སྐབས་མཇལ་འཕྲད་ཞུ་མིན་ཐད་རྒྱ་ནག་གཞུང་གི་འདོད་དབང་དུ་འགྲོ་དགོས་པ་དེ་འདྲ་ཡོང་མི་ཤེས་པ་དང་ལྷག་པར་དུ་གནད་དོན་ཁག་ཅིག་ཐོག་རྒྱ་ནག་གཞུང་གིས་ང་ཚོ་ཡོ་རོབ་མཉམ་འབྲེལ་མཐུན་ཚོགས་ཐོག་བཤད་རྒྱུའི་འོས་བབ་ཡོད་པ་མེད་པའི་ལན་འདེབས་གནང་ཡོད་ཀྱང་༸གོང་ས་མཆོག་དང་མཇལ་འཕྲད་གནང་ཐུབ་མིན་ད་བར་གཏན་འཁེལ་གནང་མེད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་དང་། ཡུ་གུར། འབར་མའི་སྐད་ཡིག་སྡེ་ཚན་གྱི་ལས་དོན་མཚམས་འཇོག་བྱེད་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ལོ་དགུའི་རིང་ཆུ་དང་གློག་གི་མཐུན་རྐྱེན་བཅད་པར་ཞུ་གཏུགས་བྱེད་མཁན་སྐལ་བཟང་ལགས་བཙོན་འཇུག་བྱས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎