ཕེ་རན་སིའི་སྲིད་འཛིན་ཨོ་ལིམ་པིག་སྒོ་འབྱེད་ལ་ཕེབས་འཆར།

ཨོ་ལིམ་པིག་རྩེད་འགྲན་དབུ་འབྱེད་ཀྱི་མཛད་སྒོར་ཕེ་རན་སིའི་སྲིད་འཛིན་བཅར་རྒྱུའི་ཐག་གཅོད་དེར་རྒྱ་ནག་གིས་བསྔགས་བརྗོད་བྱས་འདུག

2008.07.10

༄༅༎རྒྱ་ནག་ནང་ཚོགས་རྒྱུའི་རྒྱལ་སྤྱིའི་ཨོ་ལིམ་པིག་རྩེད་འགྲན་དབུ་འབྱེད་ཀྱི་མཛད་སྒོར་ཕེ་རན་སིའི་སྲིད་འཛིན་མཆོག་ཆེད་བཅར་ཞུ་རྒྱུའི་ཐག་གཅོད་གསལ་བསྒྲགས་གནང་པ་དེས་རྒྱལ་ཁབ་གཉིས་དབར་འབྲེལ་ལམ་ཡར་རྒྱས་གཏོང་རྒྱུར་ཕན་ནུས་ཡོད་སྐོར་རྒྱ་ནག་གཞུང་གི་མགྲིན་ཚབ་པས་བསྔགས་བརྗོད་བྱས་འདུག་།

ཕེ་རན་སིའི་སྲིད་འཛིན་ནི་ཀོ་ལ་སེ་སར་ཀོ་ཛི་མཆོག་གིས་ དེ་སྔོན་གྱི་བཀའ་མོལ་ནང་ ཁོང་འདི་ལོ་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་ཚོགས་རྒྱུའི་རྒྱལ་སྤྱིའི་ཨོ་ལིམ་པིག་རྩེད་འགྲན་སྒོ་འབྱེད་ཀྱི་མཛད་སྒོར་ལྷན་ཞུགས་གནང་དང་མི་གནང་དེ་ བོད་རྒྱའི་དཀའ་རྙོག་སེལ་ཐབས་སུ་རྒྱ་ནག་གཞུང་གིས་༸གོང་ས་ཏཱ་ལའི་བླ་མ་མཆོག་དང་ཞི་མོལ་གནང་ཕྱོགས་ལ་རག་ལུས་ཀྱི་ཡོད་པར་གསུངས་སྟེ་ ཁོང་ཨོ་ལིམ་པིག་རྩེད་འགྲན་ཐོག་ཆེད་བཅར་ཞུ་མིན་ཐག་གཅོད་ཁ་གསལ་གནང་མེད་པ་རེད་ རྒྱ་ནག་གཞུང་གིས་བོད་ཀྱི་གནད་དོན་འདི་བཞིན་རྒྱ་ནག་གི་ནང་སྲིད་ཀྱི་གནད་དོན་ཞིག་ལ་ངོས་འཛིན་གྱི་ལངས་ཕྱོགས་བཟུང་སྟེ་ ཕེ་རན་སིའི་སྲིད་འཛིན་མཆོག་གི་རྒྱ་ནག་གི་ནང་སྲིད་ལ་ཐེ་ཇུས་བྱས་པའི་སྐྱོན་འཛུགས་དང་སྐྱོན་བརྗོད་ཤུགས་ཆེ་བྱས་པ་མ་ཟད་ རྒྱ་ནག་ནང་ཁུལ་དུ་རྒྱལ་ཞེན་གྱི་སྐུལ་སློང་འོག་ རྒྱ་ནག་ནང་ཚོང་འབྲེལ་བྱེད་པའི་ཕེ་རན་སིའི་བཟོ་བསྐྲུན་ཁེ་ལས་ཀྱི་དངོས་ཟོག་ཚོང་འགྲེམས་ལ་ངོ་རྒོལ་གྱི་རྣམ་པ་ཡང་ཤུགས་ཆེ་ཐོན་པ་སོགས་རྒྱལ་ཁབ་གཉིས་དབར་དཔལ་འབྱོར་དང་ཆབ་སྲིད་ཀྱི་འབྲེལ་ལམ་ཐད་ལ་འགོག་རྐྱེན་གྱི་ཤུགས་རྐྱེན་ཐེབས་ཡོད་པ་རེད་ ཡིན་ཡང་རེས་གཟའ་ལྷག་པའི་ཉིན་ཕེ་རན་སིའི་སྲིད་འཛིན་སར་ཀོ་ཛི་མཆོག་ནས་ ཁོང་འདི་ལོ་པེ་ཅིང་ཨོ་ལིམ་པིག་རྩེད་འགྲན་དབུ་འབྱེད་ཀྱི་མཛད་སྒོར་ཆེད་ཕེབས་གནང་རྒྱུའི་ཐག་གཅོད་གསལ་བསྒྲགས་གནང་ཡོད་པ་རེད་ དེ་རིང་རེས་གཟའ་ཕུར་བུའི་ཉིན་ རྒྱ་ནག་ཕྱི་འབྲེལ་ལྷན་ཁང་གི་མགྲིན་ཚབ་པ་ ལིའུ་ཅན་ཁྲའོ་ ཡིས་ ཕེ་རན་སིའི་སྲིད་འཛིན་མཆོག་ནས་ཁོང་པེ་ཅིང་ཨོ་ལིམ་པིག་རྩེད་འགྲན་ལ་ཕེབས་རྒྱུའི་ཐག་གཅོད་ལ་དགའ་བསུའི་བསྔགས་བརྗོད་ཞུས་པ་དང་ ཆབས་ཅིག་བཟང་ཕྱོགས་ཀྱི་གནས་ཚུལ་འདིའི་བརྒྱུད་ནས་ ཉེ་དུས་རྒྱལ་ཁབ་གཉིས་དབར་ཕྲན་བུའི་ཉམ་ཉེས་འགྲོ་བཞིན་པའི་འབྲེལ་ལམ་དེ་རྒྱུན་ལྡན་ལྟར་འབྲེལ་ལམ་ཆ་ཚང་བསྐྱར་གསོ་ཡོང་རྒྱུའི་རེ་བ་ཡོད་ཅེས་འགྲེལ་བརྗོད་བྱས་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་དང་། ཡུ་གུར། འབར་མའི་སྐད་ཡིག་སྡེ་ཚན་གྱི་ལས་དོན་མཚམས་འཇོག་བྱེད་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ལོ་དགུའི་རིང་ཆུ་དང་གློག་གི་མཐུན་རྐྱེན་བཅད་པར་ཞུ་གཏུགས་བྱེད་མཁན་སྐལ་བཟང་ལགས་བཙོན་འཇུག་བྱས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎