རྒྱ་ནག་ཏུ་སེམས་ཁམས་མི་བདེ་བའི་ནད་པ།

རྒྱ་ནག་ནང་ལོ་ན་གཞོན་སྐྱེས་མང་པོར་སེམས་ཁམས་ཀྱི་ནད་གཞི་རིགས་མི་འདྲ་བ་ཡོད་པའི་གནས་ཚུལ་ཤེས་རྟོགས་བྱུང་བའི་སྙན་ཐོ་བཏོན་པ།

2009.06.12

༄༅༎རྒྱ་ནག་ནང་གི་སྨན་དོན་ཞིབ་འཇུག་བྱས་པར་གཞིགས་ན་རྒྱ་ནག་ནང་ལོ་ན་གཞོན་སྐྱེས་ས་ཡ་༡༧༣ལ་སེམས་ཁམས་ཀྱི་ནད་གཞི་རིགས་མི་འདྲ་བ་ཡོད་པའི་གནས་ཚུལ་ཤེས་རྟོགས་བྱུང་བ་དང་གྲངས་ཀ་དེ་ནི་རྒྱ་ནག་གི་མི་འབོར་གྱི་བརྒྱ་ཆ་བཅུ་གསུམ་ཟིན་གྱི་ཡོད་པ་མ་ཟད་དེའི་ནང་ནས་ནད་པ་ས་ཡ་༡༥༨ལ་ད་བར་སེམས་ཁམས་ཀྱི་སྨན་བཅོས་ཚད་ལྡན་རྩ་བ་ནས་ཐོབ་མེད་པའི་སྐོར་སྙན་ཐོ་ཞིག་བཏོན་ཡོད་པ་རེད།

དེ་རིང་ཧོང་ཀོང་ནས་རོའུ་ཀྲར་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བའི་ནང་རྒྱ་ནག་ནང་གི་སྨན་དོན་ཞིབ་འཇུག་པས་ཞིབ་འཇུག་བྱེད་ཡུལ་ས་གནས་ནི་བོད་ཀྱི་མཚོ་སྔོན་ཞིང་ཆེན་དང་ཀན་སུའུ་ཞིང་ཆེན།ཧྲན་ཏུང་ཞིང་ཆེན་དང་ཀྲེ་ཅང་ཞིང་ཆེན་ཁག་བཞིའི་ནང་གི་མི་གྲངས་ཁྲི་དྲུག་ལྷག་ལ་ཞིབ་འཇུག་བྱས་པ་དང་ཞིང་ཆེན་ཁག་བཞི་པོ་དེའི་ནང་དུ་གནས་བཞིན་པའི་གཞོན་སྐྱེས་དེ་དག་ནི་རྒྱ་ནག་གི་གཞོན་སྐྱེས་ཀྱི་མི་འབོར་གྱི་བརྒྱ་ཆ་བཅུ་གསུམ་མཚོན་གྱི་ཡོད་པ་རེད། ཞིབ་འཇུག་དེའི་ནང་བཞུགས་མཁན་གྱི་མིའི་གྲངས་འབོར་དེའི་ནང་ནས་སེམས་ཁམས་ནད་གཞི་ཧ་ཅང་གི་ཚབས་ཆེ་བ་ཡོད་པ་ཁྲི་གཉིས་ཙམ་ཡོད་པ་དང་ད་དུས་སེམས་ཁམས་མི་བདེ་བའི་ནད་རིགས་མི་འདྲ་བ་ཡོད་མཁན་མི་གྲངས་ཁྲི་དྲུག་ལྷག་པ་ཡོད་དེ་ནི་བརྒྱ་ཆ་བཅོ་བརྒྱད་ཙམ་ཟིན་ཏེ་དེ་སྔའི་ཞིབ་འཇུག་བྱས་པའི་སྐབས་བརྒྱ་ཆ་གཅིག་དང་ཚག་གཅིག་ནས་བརྒྱ་ཆ་དགུ་དང་ཚག་གཅིག་བྱུང་ཡོད་པ་དང་བསྡུར་ན་ད་རེས་ཀྱི་ཞིབ་འཇུག་དེའི་ནང་གྲངས་ཀ་མང་དུ་ཕྱིན་ཡོད་པ་རེད། ཞིབ་འཇུག་པས་གསུངས་ན་སེམས་ཁམས་མི་བདེ་བའི་ནང་ཡིད་མུག་པའི་ནད་གཞི་དང་སེམས་སྡུག་གི་ནད་གཞི།སེམས་འཆོལ་བའི་ནད་སོགས་ཡིན་པ་དང་དེའི་ནང་ཡིག་མུག་པ་དང་སེམས་སྡུག་གི་ནད་གཞི་དེ་ནི་སྐྱེས་པ་ལས་བུད་མེད་ནང་མང་བ་ཡོད་པ་དང་དེ་ཡང་བུད་མེད་ལོ་ན་བཞི་བཅུ་ནས་ཡོང་གི་ཡོད་པ་མ་ཟད་ཆང་རག་འཐུང་བའི་སེམས་ཁམས་མི་བདེའི་ནད་གཞི་དེ་ནི་བུད་མེད་ལས་སྐྱེས་པའི་ཁྲོད་ལྡབས་བཞི་ཅུ་ཞེ་བརྒྱད་ཙམ་གྱིས་མང་དུ་ཕྱིན་པ་ཡོད་པ་དང་ལྷག་པར་དུ་གྲོང་གསེབ་ས་ཁུལ་ཁག་ནང་སྲོག་རླུང་གི་ནད་གཞི་དང་སེམས་ཁམས་མི་བདེ་བ་ཆང་རག་འཐུང་བའི་ནད་གཞི་ཡོད་མཁན་ཆེས་མང་བ་ཡོད་པ་གསུང་སྟེ་གང་ལྟར་ད་རེས་ཀྱི་ཞིབ་འཇུག་བྱས་པ་བརྒྱུད་རྒྱ་ནག་གི་ཞིང་ཆེན་ཁག་བཞིའི་ནང་གི་ལོ་ན་གཞོན་སྐྱེས་ས་ཡ་༡༧༣སེམས་ཁམས་མི་བདེ་བ་ཡོད་པ་ནས་ས་ཡ་༡༥༨ལ་སེམས་ཁམས་སྨན་བཅོས་ཐོབ་མེད་པ་བརྟེན་སེམས་ཁམས་ལ་གནོད་འཚེ་ཕོག་པའི་ནད་པ་དེ་དག་ལ་སྨན་བཅོས་ཀྱི་མཐུན་འགྱུར་དགོས་པའི་ཛ་དྲག་གི་འབོད་སྐུལ་གནང་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎