ཚན་རིག་པའི་དགོངས་ཚུལ་ལ་རྒྱབ་སྐྱོར་དགོས་པའི་རེ་འབོད།

རྒྱ་ནག་གི་ཚན་རིག་པས་རྒྱལ་ཁབ་སྲིད་ཇུས་བཟོ་རྒྱུར་དགོངས་ཚུལ་ལ་རྒྱབ་སྐྱོར་ཡོང་བའི་འབོད་སྐུལ་ཞུས་པ།

2011.05.29

༄༅༎རྒྱ་ནག་གི་འཕྲུལ་རིགས་འཆར་འགོད་ལས་ཁང་གི་འགོ་ཁྲིད་ནས་། རྒྱ་ནག་གི་ཚན་རིག་ཀྱི་ལས་ལ་ཞུགས་མཁན་ཚོས། རྒྱལ་ཁབ་ཀྱི་ཚན་རིག་དང་འཕྲུལ་རིག་འཕེལ་རྒྱས་ཀྱི་སྲིད་ཇུས་བཟོ་རྒྱུར་རྒྱབ་སྐྱོར་གྱི་རྣམ་དཔྱོད་འདོན་སྤེལ་བྱ་དགོས་པའི་འབོད་སྐུལ་ཞུས་ཡོད་པ་རེད།

དེ་ཡང་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་རེས་གཟའ་པ་སངས་ནས་རྒྱ་ནག་གི་ཚན་རིག་དང་འཕྲུལ་རིག་ལག་རྩལ་མཉམ་འབྲེལ་ཚོགས་པའི་ཚོགས་ཆེན་ཐེངས་བརྒྱད་པ་འགོ་བཙུགས་ཡོད་ཅིང༌། དེ་རིང་ཚོགས་ཆེན་གྱི་གཟབ་སྦྱོང་སྐབས། རྒྱ་ནག་གི་འཕྲུལ་རིགས་འཆར་འགོད་ལས་ཁང་གི་འགོ་ཁྲིད་ཧྲི་ལའེ་ཊེ་ཡིས་གཏམ་བཤད་དེ་བྱས་ཏེ། ཚན་རིག་ཞིབ་འཇུག་པ་དང་ལས་ལ་ཞུགས་མཁན་ཚོས་རྒྱལ་ཁབ་ཀྱི་ཚན་རིག་ཀྱི་ལས་གཞི་གལ་ཆེ་ལག་བསྟར་མ་བྱས་གོང་ལ་འགན་འཁུར་ཆེ་ཙམ་ལེན་ཏེ་གོ་བསྡུར་དང་ལས་གཞི་ལག་བསྟར་ཡོང་ཐབས་ཀྱི་ཐོག་ལ་མང་ཙམ་དོ་སྣང་བྱེད་དགོས་པའི་སྐོར་བཤད་ཡོད་པ་རེད།  རྒྱ་ནག་ནང་དུ་གལ་ཆེའི་ལས་དོན་འཆར་གཞི་འདོན་པའི་སྐབས་ལ། དཔལ་འབྱོར་གྱི་ཁེ་ཕན་ནི་གཙོ་བོའི་བསམ་བློ་གཏོང་དགོས་པ་ནི་བརྗོད་མི་དགོས་པ་ཞིག་ཡིན་ནའང་ཚན་རིག་པ་ཚོས་ཚན་རིག་ལག་རྩལ་གྱི་ཐོག་ནས་འཆར་གཞི་ཆེན་པོ་དེ་ལམ་ལྷོང་ཡོང་རྒྱུར་ཚན་རིག་གི་ཐོག་ནས་ཞིབ་འཇུག་བྱ་རྒྱུ་སོགས་རོགས་ཕན་བྱ་དགོས་པ་ཡིན་ཞིང༌། དམིགས་བསལ་རྒྱ་ནག་གི་ཚན་རིག་དང་འཕྲུལ་རིག་མཉམ་འབྲེལ་ཚོགས་པ་དེ་ནི། རྒྱལ་ཁབ་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐོག་ལ་ཚན་རིག་གི་ཐོག་ནས་ཞབས་འདེབས་གྲུབ་མཁན་ཞིག་ཡིན་པ་དྲན་སྐུལ་བྱས་ཡོད་པ་རེད།།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎