རྒྱ་གཞུང་གིས་ཁམས་ཁུལ་དུ་དམ་བསྒྲཌ་བྱས་དང་བྱེད་བཞིན།

དཀར་མཛེས་ཁུལ་དུ་རྒྱ་ནག་གཞུང་གི་དྲག་པོའི་དམག་མི་འཁྱེར་བའི་རླངས་འཁོར་ལྔ་ཙམ་ཞིག་སླེབས་ནས་དམ་བསྒྲགས་ཤུགས་ཆེ་བྱེད་མུས་ཡིན་པ།

2009.03.20

༄༅༎བོད་ཤར་ཕྱོགས་དཀར་མཛེས་ཁུལ་དུ་དེང་སྐབས་རྒྱ་ནག་གཞུང་གིས་དམ་བསྒྲགས་ཤུགས་ཆེ་བྱས་དང་བྱེད་མུས་ཡིན་པའི་ཐོག་སྤྱི་ཟླ་གསུམ་པའི་ཚེས་བཅུ་དགུ་ཉིན་རྒྱ་ནག་གཞུང་གི་དྲག་པོའི་དམག་མི་འཁྱེར་བའི་རླངས་འཁོར་ལྔ་ཙམ་ཞིག་བློ་བུར་སླེབས་ནས་དཀར་མཛེས་ལྷོ་པ་རྫོངས་ཀྱི་རྩེ་སོག་དགོན་པའི་དགེ་འདུན་བྱམས་པ་དོན་གྲུབ་སོགས་འཛིན་བཟུང་བྱས་ཡོད་པ་རེད།

དེའང་ན་ནིང་ནས་བཟུང་ཁུལ་དེར་གནས་སྡོད་བྱེད་མཁན་བོད་མིས་རྒྱ་ནག་གཞུང་གི་བཙན་དབང་ལ་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་སྤེལ་བའི་སྐབས་རྒྱ་ནག་གཞུང་གིས་དེར་དྲག་གནོན་ཤུགས་ཆེ་བྱས་ཏེ་བོད་མི་མང་པོ་སྲོག་སྐྱོན་དང་མང་པོ་ཞིག་བཙོན་བཅུག་དང་བཀག་ཉར་སོགས་བྱས་ཏེ་ཉེས་བརྡུང་ཚད་ལས་བརྒལ་བ་བཏང་དང་གཏོང་བཞིན་ཡོད་པ་རེད།

དེ་བཞིན་དཀར་མཛེས་ལྷོ་རྫོངས་ཁུལ་དུ་རྒྱ་མིའི་ལས་བྱེད་དང་ཉེན་རྟོག་བསྐོར་བྱ་དམག་མི་སོགས་ཀྱི་བོད་མི་ཚོར་ཞིང་རྨོ་དགོས་པའི་བསུན་བཙེར་ཆེ་བཟོས་བྱས་པར་བརྟེན་བོད་མི་ཚོས་རྒྱ་ནག་གཞུང་གིས་བོད་མིའི་ཐོག་བཙན་དབང་ཚོད་མེད་བྱས་དང་བྱེད་བཞིན་པའི་གནས་སྟངས་འདིར་བོད་མི་ཚོས་ངོ་རྒོལ་གྱི་རྣམ་འགྱུར་བསྟན་ཏེ་ས་ཞིང་རྨོན་འདེབས་སོགས་བྱ་རྒྱུའི་ལས་དོན་ཐད་མི་མང་གི་བློ་མོས་མ་བྱུང་བར་བརྟེན་རྒྱ་མིའི་ལས་བྱེད་དང་མི་མང་དབར་རྩོད་གླེང་བྱས་སྐབས་བློ་བུར་རྒྱ་མིའི་དྲག་ཆས་དམག་མི་བླུགས་པའི་རླངས་འཁོར་ལྔ་སླེབས་ནས་དགེ་འདུན་བྱམས་པ་དོན་གྲུབ་སོགས་པར་ཉེས་བརྡུང་ཚད་མེད་བཏང་ནས་དེ་ཉིན་འཛིན་བཟུང་བྱས་ཏེ་དེ་ཁུལ་གྱི་བཙོན་ཁང་ནང་བཙོན་བཅུག་བྱས་ཡོད་པའི་གནས་ཚུལ་ཞིག་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་བསོད་ནམས་དབང་འདུད་བརྒྱུད་བོད་ནས་གནས་ཚུལ་བཏང་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་དང་། ཡུ་གུར། འབར་མའི་སྐད་ཡིག་སྡེ་ཚན་གྱི་ལས་དོན་མཚམས་འཇོག་བྱེད་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ལོ་དགུའི་རིང་ཆུ་དང་གློག་གི་མཐུན་རྐྱེན་བཅད་པར་ཞུ་གཏུགས་བྱེད་མཁན་སྐལ་བཟང་ལགས་བཙོན་འཇུག་བྱས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎