བོད་དོན་ཁ་ཡོད་ལག་ཡོད་ཀྱི་རྒྱབ་སྐྱོར་དགོས་པའི་འབོད་བསྐུལ།

ཕྱི་ཚེས་༥ ཉིན་རྒྱ་གར་བོད་དོན་རྒྱབ་སྐྱོར་བས། བོད་ནང་གི་ཛ་དྲག་གི་གནས་སྟངས་ལ་རྒྱ་གར་གཞུང་ཕྱོགས་ནས་གདུང་སེམས་བསྐྱེད་ཀྱི་རྒྱབ་སྐྱོར་ཡོང་བའི་འབོད་སྐུལ་གྱི་ཕྱག་བྲིས་ཤིག་ཕུལ་ཡོད་པ་རེད།

2012.09.07

༄༅།   །དེ་ཡང་རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་གིས། རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ལས་འགུལ་ཞེས་པའི་ལས་འགུལ་གྱི་བྱེད་སྒོ་ཞིག་གོ་སྒྲིག་གནང་བའི་ཁོངས་སུ། རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་Dr. N.K Trikha ཡིས། རྒྱ་གར་གྱི་སྲིད་བློན་མཆོག་ལ་ཕྱག་བྲིས་ཤིག་ཕུལ་ཏེ། རྒྱ་ནག་གཞུང་གིས་བོད་མིའི་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་བཏང་བའི་བྱ་སྤྱོད་ལ་རྒྱལ་སྤྱིའི་དབུ་ཁྲིད་ཚོས་སྐྱོན་བརྗོད་གནང་དགོས་པ་དང༌། ད་ལྟའི་བོད་ནང་གི་ཛ་དྲག་གི་གནས་སྟངས་ཐོག་ལ་རྒྱལ་སྤྱིའི་གཞུང་ཁག་གིས་ཁ་ཡོད་ལག་ཡོད་ཀྱི་རྒྱབ་སྐྱོར་གནང་རོགས་ཞེས་འབོད་སྐུལ་ཞུས་ཡོད་པས་མ་ཟད།  བོད་ནང་དུ་རང་ལུས་མེར་སྲེག་གཏོང་མཁན་གྱི་གྲངས་ཀ་ཇེ་མང་དུ་འགྲོ་བཞིན་པའི་ཛ་དྲག་གི་གནས་སྟངས་དེའི་བྱུང་རྐྱེན་ཞིབ་ཕྲ་བཀོད་གནང་ཡོད་པ་རེད།

འབོད་སྐུལ་གྱི་ཕྱག་བྲིས་དེ་ཕུལ་དགོས་པའི་དམིག་ཡུལ་གཙོ་བོ་ནི། འཛམ་གླིང་ནང་དུ་ཡོད་པའི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གིས་སོ་སོའི་གཞུང་དང་ཕྱི་སྲིད་བློན་ཆེན་ཚོས་བོད་དོན་གྱི་ཐོག་ལ་ནུས་པ་ཐོན་པའི་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུ་རྒྱུ་དང༌། ལྷག་དོན་ཕྱི་ཟླ་དགུ་པའི་ཚེས་༡༠ནས་༢༨ བར་སུད་སི་གྲོང་ཁྱེར་Geneva དུ་ཚོགས་རྒྱུའི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐོག་རྒྱལ་ཁབ་ཁག་གི་སྐུ་ཚབ་ཚོས། བོད་ནང་གི་ཛ་དྲག་གི་གནས་སྟངས་གླེང་སློང་གནང་རོགས་ཞེས་འབོད་སྐུལ་ཞུ་རྒྱུའི་ཆེད་དུ་ཡིན་པ་རེད། །

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎