རྒྱ་ནག་གིས་ཤིན་ཅང་ཁུལ་བསྐྱར་དུ་ངོ་རྒོལ་རིགས་འགོག་ཐབས།
2009.08.14
༄༅༎རྒྱ་ནག་གི་དཔོན་རིགས་ནས་སྤྱི་ཚོགས་ཁྲོད་ངོ་རྒོལ་གྱི་ལས་འགུལ་སྤེལ་མཁན་ཡོང་རྫོགས་རྩ་མེད་བཟོ་རྒྱུ་དེ་གལ་ཆེའི་ལས་འགན་དུ་རྩིས་ནས་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་བཙུགས་ནས་ལོ་ངོ་དྲུག་ཅུ་འཁོར་བའི་དུས་དྲན་གྱི་གོང་ཤིན་ཅང་ས་གནས་ནང་བསྐྱར་དུ་ངོ་རྒོལ་གྱི་ལས་འགུལ་སྤེལ་རྒྱུར་འགོག་ཐབས་བྱེད་དགོས་པའི་ཉེན་རྡ་བཏང་ཡོད་འདུག
རྒྱ་ནག་གུང་ཁྲན་ཚོགས་པའི་ཁྲིམས་ལུགས་སྡེ་ཚན་གྱི་ཆེས་མཐོའི་དཔོན་རིགས་ཀྲུའུ་ཡུང་ཁང་གིས་རྒྱ་ནག་གི་བདེ་འཇགས་ལས་ཁང་གི་དཔོན་རིགས་ཀྱི་ལྷན་ཚོགས་ཐོག་འཛམ་གླིང་གི་དཔལ་འབྱོར་གནས་སྟངས་ཉམས་རྒུད་ཀྱིས་རྐྱེན་པས་སྤྱི་ཚོགས་ནང་གནས་ཚུལ་མང་པོ་ཞིག་ཡོང་བཞིན་ཡོད་མིན་ལ་མ་ལྟོས་པར་རྒྱ་ནག་གི་ས་ཁུལ་ཁག་ནང་དམ་བསྒྲགས་ཀྱི་སྲིད་བྱུས་མུ་མཐུད་བྱེད་དགོས་པ་དང་ང་ཚོས་ངེས་པར་དུ་གོ་དོན་རྟོག་ནུས་ལྡན་པ་དང་ཐབས་ཇུས་ལྡན་པའི་སྒོ་ནས་སྤྱི་ཚོགས་ཀྱི་བདེ་འཇགས་སྲུང་སྐྱོབས་ཀྱི་ལས་དོན་སྤེལ་དགོས་ལུགས་བཤད་ཡོད་པ་རེད།