རྒྱ་ནག་གི་དཔལ་འབྱོར་ཡོང་བབས་ཤུགས་ཆེ་མར་ཆགས་ཡོད་པ།


2015.07.27
རྒྱ་ནག་ཨན་ཧེ་ནང་དཔལ་འབྱོར་ཁྲོམ་ར་ཆག་སྐབས། རྒྱ་ནག་ཨན་ཧེ་ནང་དཔལ་འབྱོར་ཁྲོམ་ར་ཆག་སྐབས།
AFP

རྒྱ་ནག་ནང་གི་དཔལ་འབྱོར་ཡོང་བབས་ཤུགས་ཆེ་མར་ཆགས་བཞིན་པས་ད་སྐབས་རྒྱལ་ཡོངས་སུ་སེམས་ཁྲལ་ཡོང་གཞིར་གྱུར་འདུག
དེ་ཡང་རྒྱ་ནག་གཞུང་གི་ཡུལ་གྱི་མ་ཤེར་ཁྲོམ་རའི་དཔལ་འབྱོར་ཐོན་སྐྱེད་ཐད་འཛིན་པའི་སྲིད་བྱུས་ཐད་འབད་བརྩོན་གང་ཡོང་བྱས་ཀྱང་། གཟའ་ཟླ་བའི་ཉིན་རྒྱ་ནག་ཧྲང་ཧེ་ཡི་ཚོང་དོན་ཐོན་སྐྱེད་ཡོང་བབས་བརྒྱ་ཆ་༨དང་གྲངས་ཆུང་༤༨་བར་ཆག་ཡོད་པ་དེར་འཛམ་གླིང་ནང་གི་དཔལ་འབྱོར་ཡོང་བབ་ཆེ་ཤོས་ཨང་གཉིས་པ་རྒྱ་ནག་གཞུང་གི་དཔལ་འབྱོར་ཡོང་བབས་བརྒྱ་ཆ་ཤུགས་ཆེ་མར་ཆག་འགྲོ་བའི་སེམས་ཁྲལ་ཆེན་པོ་ཞིག་ཡོང་བཞིན་ཡོད་པ་རེད།
ཧྲང་ཧེ་ཚོང་རྭའི་ཡོང་བབ་སྤྱིའི་བསྡོམས་འབོར་གྱི་གྲངས་ཚད་3,725.56བར་བཏོན་ཡོད་པའི་ནང་། ཨ་སྒོར་ལ་རྩིས་ན་ཨ་སྒོར་ཐེར་འབུམ་༡༡༧དང་དུང་ཕྱུར་༩་ཙམ་མར་ཆག་ཡོད་པ་དང་། དེས་ཚོང་གི་དངུལ་བརྗེ་སོགས་ནས་བརྒྱ་ཆ་༧ཙམ་ཆག་ཡོད་པ་རེད།
རྒྱ་ནག་གི་ཚོང་ལས་དཔལ་འབྱོར་གྱི་Guosen Securytiesཚོང་ལས་ཁང་གི་ཚོང་ལས་པ་Jimmy Zuoཡིས་Bloomberg Newsཚོང་དོན་གསར་ཤོག་ནང་གནས་ཚུལ་བཤད་པར། མ་འོངས་པར་ད་དུང་ཚོང་གི་ཡོང་བབ་ཀྱི་གནས་སྟངས་གང་འདྲ་ཡོང་བཟོ་ཡོད་མེད་མ་རྩ་འཛུགས་མཁན་ཚོས་ཀྱང་ཤོད་ཚོད་མི་ཐེག་པའི་གནས་སྟངས་ཤིག་གི་འོག་གནས་ཡོད་ལུགས་འགྲེལ་བརྗོད་བྱས་ཡོད་པ་རེད།
འདས་པའི་དུས་རིང་ལ་གཞུང་གིས་ཚོང་ལས་དོ་དམ་སྲིད་བྱུས་ལག་བསྟར་བྱས་ཡོད་པ་སོགས་ཀྱི་རྐྱེན་ཡིན་ནམ། གང་ལྟར་ཧྲང་ཧེ་ཡི་མ་ཤེར་ཚོང་དོན་ཁྲོམ་རྭའི་ཡོང་བབ་མར་ཆག་ཡོད་པ་རེད།

གསར་འགོད་པ་ཕྲེང་རིང་བསྟན་ནོར།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཚང་མ་མཐུན་སྒྲིལ་ཐོག་མཉམ་གནས་ཐུབ་རྒྱུ་དེ་མགོན་པོ་མཆོག་གི་ཐུགས་རེ་གཙོ་བོ་ཡིན་ཞེས་རྒྱ་རིགས་ཚན་རིག་པ་ཚོར་བཀའ་སྩལ་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎