ཨ་རི་དང་རྒྱ་ནག་སོཊ་བར་རྣོ་ངར་ལྡན་པའི་བགྲོ་གླེང་བྱུང་བ།


2015.06.01
Shangri-La Dialogueཞེས་ལྷོ་ཤར་ཨེ་ཤ་ཡའི་རྒྱལ་སྲུང་བདེ་འཇགས་བགྲོ་གླེང་ཚོགས་འདུའི་སྐབས། ༢༠༡༥།༥།༣༡ Shangri-La Dialogueཞེས་ལྷོ་ཤར་ཨེ་ཤ་ཡའི་རྒྱལ་སྲུང་བདེ་འཇགས་བགྲོ་གླེང་ཚོགས་འདུའི་སྐབས། ༢༠༡༥།༥།༣༡
defense.gov

ཨེ་ཤ་ཡ་ཞི་བདེ་རྒྱ་མཚོའི་མངའ་ཁུལ་གྱི་རྒྱལ་ཁབ་ཁག་གི་ལྷན་ཚོགས་ཐོག་རྒྱལ་ཁབ་ཁག་ཅིག་གི་སྐུ་ཚབ་བར་རྣོ་ངར་ལྡན་པའི་བགྲོ་གླེང་བྱུང་འདུག
དེ་ཡང་སིང་གྷ་པུར་དུ་སྐོངས་འཚོགས་གནང་བཞིན་པའི་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོའི་མངའ་ཁུལ་རྒྱལ་ཁབ་༢༨ཀྱི་བདེ་སྲུང་བློན་ཆེན་བར་Shangri-La Dialogueཞེས་པ་ལྷོ་ཤར་ཨེ་ཤ་ཡའི་རྒྱལ་སྲུང་བདེ་འཇགས་བགྲོ་གླེང་ཚོགས་འདུ་ཞིག་སྐོངས་འཚོགས་གནང་བཞིན་ཡོད་པ་དང་། ཚོགས་འདུ་དེའི་ཐོག་ཨ་རིའི་བདེ་སྲུང་དྲུང་ཆེ་Ash Carterཡིས། རྒྱ་ནག་གཞུང་གིས་རྩོད་རྙོག་ཡོད་པའི་ལྷོ་རྒྱ་ནག་རྒྱ་མཚོའི་གླིང་ཕྲན་ཐོག་མིས་བཟོས་པའི་མཚོ་གླིང་རྒྱབ་རྒྱུ་མཚམས་འཇོག་བྱེད་དགོས་པའི་འབོད་སྐུལ་གནང་ཡོད་པ་རེད། ཨ་རིའི་བདེ་སྲུང་དྲུང་ཆེ་Ash Carter་ཡིས་ལྷན་ཚོགས་ཐོག་མུ་མཐུད་གསུངས་ན། ད་བར་རྒྱ་ནག་གཞུང་གིས་ལྷོ་རྒྱ་ནག་རྒྱ་མཚོའི་མཚོ་གླིང་གི་བདག་དབང་རྩོད་ལེན་ཤུགས་ཆེན་བྱས་ཡོད་པ་མ་ཟད། མཚོ་གླིང་ཐོག་གནམ་ཐང་གཙོས་འཛུགས་སྐྲུན་ལས་གཞི་ཁག་གཅིག་གསར་རྒྱག་བྱས་ཏེ་ཡུལ་གྲུ་ཁག་དབར་འཁྲུག་རྐྱེན་སློང་གཞིའི་རྒྱལ་སྤྱིའི་ཁྲིམས་སྒྲིག་དང་འགལ་བའི་བྱ་སྤྱོད་སྤེལ་བཞིན་ཡོད་པ་དང་། ལྷག་པར་དུ་ལོ་བཅུ་ཕྲག་མང་པོ་ཨེ་ཤེ་ཡའི་མངའ་ཁུལ་དུ་གནས་པའི་ཨ་མི་རི་ཀའི་དམག་མིར་འཇིགས་སྐུལ་བྱེད་པ་སོགས་ཀྱི་བྱ་སྤྱོད་སྤེལ་བཞིན་ཡོད་སྟབས་མ་འོངས་པར་མངའ་ཁུལ་ནང་དམག་འཁྲུག་བྱུང་ཚེ་དེའི་འགན་ཡོངས་རྫོགས་རྒྱ་ནག་གཞུང་གིས་འཁྱེར་དགོས་ཀྱི་རེད་ཅེས་སྐྱོན་བརྗོད་ཡོད་པ་རེད། ཨ་རིའི་བདེ་སྲུང་དྲུང་ཆེ་Ash Caterཡིས་རྒྱ་ནག་གཞུང་ལ་སྐྱོན་བརྗོད་གནང་བའི་གནད་དོན་ཐོག་རྒྱ་ནག་གཞུང་གི་ཚོགས་ཞུགས་སྐུ་ཚབ་Zhao Xiaozhuoཡིས་ད་བར་རྒྱ་ནག་གཞུང་གིས་ལྷོ་རྒྱ་ནག་རྒྱ་མཚོའི་ཐོག་རྒྱལ་སྤྱིའི་མཚོ་གྲུ་བསྐྱོད་མི་ཆོག་པ་གང་ཡང་བཟོས་མེད་སྟབས་རྒྱལ་སྤྱིའི་རྒྱལ་ཁབ་ཁག་གིས་ང་ཚོས་མཚོ་གླིང་ཐོག་འཛུགས་སྐྲུན་ལས་གཞི་འགོ་བཙུགས་ཏེ་མངའ་ཁུལ་གྱི་སྲ་བརྟན་སྲུང་སྐྱོབ་ལ་ཉེན་ཁ་བཟོ་བཞིན་ཡོད་པའི་སྐྱོན་བརྗོད་བྱས་པ་དེ་ནི་གཞི་མེད་སྐྱོན་འཛུགས་ཤིག་ཡིན་སྟབས་ང་ཚོས་ངོས་ལེན་བྱེད་ཐབས་མེད་ཅེས་བརྗོད་ཡོད་པ་རེད།  

གསར་འགོད་པ་དབྱངས་སྒྲོལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཀའ་ཁག་ཆེ་བའི་དུས་སྐབས་འདིར་༸རྒྱལ་དབང་རིན་པོ་ཆེ་ཡོད་བསམ་ནས་བློ་བདེ་པོ་བྱོས་ཞེས་མཇལ་བཅར་བ་ཚོར་བཀའ་སྩལ་མཛད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎