རྒྱ་ནག་ནང་སིཀའེབ་དྲ་རྒྱ་བཀོལ་སྤྱོད་བྱེད་པོར་དམ་བསྒྲགས།

རྒྱ་ནག་ནང་སིཀའེབ་ཅེས་པའི་ཨ་རིའི་འཕྲིན་གཏོང་དྲ་རྒྱ་བཀོལ་སྤྱོད་བྱེད་པོར་རྒྱ་ནག་གཞུང་གིས་དམ་བསྒྲགས་དང་གསང་བའི་ས་ཉུལ་བྱེད་ཀྱི་ཡོད་པ།

2008.10.04

༄༅༎རྒྱ་ནག་ནང་སིཀའེབ་ཞེས་པའི་ཨ་རིའི་འཕྲིན་གཏོང་དྲ་རྒྱ་བཀོལ་སྤྱོད་བྱེད་པོར་རྒྱ་ནག་གཞུང་གིས་དམ་བསྒྲགས་དང་གསང་བའི་ས་ཉུལ་བྱེད་ཀྱི་ཡོད་པ་དང་ལྷག་པར་དུ་བོད་དང་རང་བཙན།མང་གཙོ།བཙན་བྱོལ་བོད་གཞུང་སོགས་ཀྱི་ཚིག་འབྲུ་ཡོད་རིགས་ཀྱི་འཕྲིན་ཡིག་ལ་དམ་བསྒྲགས་བཀག་སྡོམ་བྱེད་ཀྱི་ཡོད་ལུགས་ཁེ་ན་ཌའི་གྲོང་ཁྱེར་ཊོ་རན་ཊོ་གཙུག་ལག་སློབ་གྲ་ཆེན་མོའི་ཀོམ་པུ་ཊར་སྲུང་སྐྱོབ་ཁྱད་ལས་ཚོགས་པས་གསུངས་གནང་འདུག

ཕྱོགས་མཚུངས་རྒྱ་ནག་གཞུང་དང་སྲིད་དོན་ལྟ་སྤྱོད་མི་མཐུན་པའི་ཚོགས་པ་གུང་ཁྲན་ཏང་ལ་ཁ་གཏད་བྱེད་མཁན་རིགས་དང་ཕ་ལུང་ཀུང།ཐའེ་ལྦན།༡༩༨༩ལོར་རྒྱ་ནག་གཞུང་གིས་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་སློབ་ཕྲུག་མང་གཙོ་དོན་གཉེར་བ་སྡེབ་བསད་བཏང་བའི་གནས་ཚུལ་སོགས་ཀམ་པིའུ་ཊར་ནང་གོང་ཞུས་དོན་གནད་ཁག་ལ་ལྟ་ཞིབ་བྱེད་པོ་ནི་ཀྲོན་ཨོན་ལའེན་དང་སིཀའེབ་ཅེས་པ་ཡིན་ཞིང་ལྷག་པར་དུ་འདི་ལོ་ཨོ་ལིམ་པིག་རྩེད་འགྲན་སྐབས་རྒྱ་ནག་གཞུང་གིས་ཀམ་པིའུ་ཊར་གྱི་བརྒྱུད་ལམ་ཐོག་དམ་བསྒྲགས་ཆེན་པོ་བྱས་ཡོད་པ་རེད་ རྒྱ་ནག་གཞུང་གིས་དེ་སྔོན་མའེ་ཁོརོ་སོཕ་དང་སིསི་ཀོ།གུའུ་གལ།ཡ་ཧུའུ་སོགས་ལ་དམ་བསྒྲགས་བྱེད་བཞིན་པ་མ་ཟད་རྒྱ་ནག་ནང་ཚོང་ལས་བྱེད་ཀྱི་ཡིན་ན་རྒྱ་ནག་གི་ཁྲིམས་འཁྱེར་དགོས་པའི་ཆ་རྐྱེན་འཇོག་གི་ཡོད་སྟབས་ཚོང་གི་ཁེ་ཕན་འགྲུབ་ཐབས་སུ་རྒྱ་ནག་གཞུང་གི་འདོད་ལྟར་བྱེད་དགོས་ཆགས་ཀྱི་ཡོད་པ་རེད༎


བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎