ལྷོ་ཨཕ་རི་ཀའི་འཕྲོད་བསྟེན་བློན་ཆེན་གྱིས་གཞུང་ལ་སྐྱོན་བརྗོད།

ལྷོ་ཨཕ་རི་ཀའི་འཕྲོད་བསྟེན་བློན་ཆེན་གྱིས་༸གོང་ས་མཆོག་ལ་ཡུལ་དེའི་གཞུང་གིས་དགོངས་སེལ་ཞུ་དགོས་པའི་འབོད་སྐུལ་ཞུས་གནང་འདུག

2009.03.25

༄༅༎ལྷོ་ཨཕ་རི་ཀའི་འཕྲོད་བསྟེན་བློན་ཆེན་གྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་ཡུལ་དེར་ཞི་བདེའི་ཚོགས་ཆེན་ལ་ཆིབས་བསྒྱུར་གནང་ཆོག་པའི་མཐོང་མཆན་མ་གནང་བ་དེར་གཞུང་གིས་དགོངས་སེལ་ཞུ་དགོས་པའི་འབོད་སྐུལ་ཞུས་གནང་འདུག

ཕྱི་ལོ་ཉིས་སྟོང་བཅུ་ལོར་ལྷོ་ཨཕ་རི་ཀའི་ནང་འཛམ་གླིང་རྐང་རྩེད་སྤོ་ལོའི་འགྲན་བསྡུར་མ་གནང་གོང་མི་རིགས་དབྱེ་འབྱེད་ཀྱི་ལམ་ལུགས་གདོང་ལེན་ཆེད་དུ་ཞི་བདེའི་ཚོགས་ཆེན་ཞིག་གནང་གཏན་འཁེལ་བ་དེར་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་དང་འཛམ་གླིང་ཞི་བདེའི་དེད་དཔོན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཀྱང་གདན་ཞུ་གནང་དགོས་ཀྱང་ཡུལ་དེའི་གཞུང་གིས་རྒྱ་ནག་གི་གནོན་ཤུགས་མ་བཟོད་པ་༸གོང་ས་མཆོག་ལ་མཐོང་མཆན་མ་ཕུལ་རྒྱུའི་ཐག་གཅོད་གནང་བར་བརྟེན་ཕྱོགས་གང་ས་ནས་གཞུང་ལ་སྐྱོན་བརྗོད་ཧ་ཅང་ཤུགས་ཆེ་བྱུང་བ་མ་ཟད་ཚོགས་འདུ་གདན་ཞུ་གནང་བའི་སྐུ་མགྲོན་གཞན་པ་རྣམས་ཀྱང་ཕྱིར་འཐེན་གནང་བར་བརྟེན་ད་ཆ་ཚོགས་ཆེན་དེ་དུས་ཚོད་ངེས་མེད་རིང་ཕྱིར་འགྱངས་གནང་དགོས་བྱུང་བ་རེད། འདི་ཚེས་ཉི་ཤུ་བཞི་ཉིན་ལྷོ་ཨཕ་རི་ཀའི་འཕྲོད་བསྟེན་བློན་ཆེན་སྦར་སྦ་ར་ཧོ་གན་གྱིས་སོ་སོའི་རྒྱལ་ཁབ་དང་མི་རིགས་ཀྱི་ཐོབ་ཐང་རྩོད་མཁན་༸གོང་ས་ཏཱ་ལའི་བླ་མ་ལ་མཐོང་མཆན་མ་ཕུལ་བ་དེས་གཞུང་འདིས་འགྲོ་བ་མིའི་ཐོབ་ཐང་ལ་དོ་སྣང་བྱེད་ཀྱི་མེད་པ་གསལ་པོ་ཡིན་པས་མང་ཚོགས་ལ་དགོངས་སེལ་ཞུས་དགོས་ལུགས་རྒྱལ་ཡོངས་རླུང་འཕྲིན་ཐོག་གསུངས་ཡོད་འདུག

དེའི་དབར་ལ་ལྦིཏེ་ལྦ་ཏརས་རནཌི་གཙུག་ལག་སློབ་གྲྭ་ཆེན་མོས་ཀྱང་འཕྲོད་བསྟེན་བློན་ཆེན་ལྕམ་སྐུ་སྦར་སྦ་ར་ཧོ་གན་གྱིས་གང་གསུངས་པར་མོས་མཐུན་གནང་བ་དང་སྦྲགས་གཞུང་གིས་གང་གནང་བ་དེ་ནི་ལྷོ་ཨཕ་རི་ཀས་དེ་སྔ་མི་རིགས་དབྱེ་འབྱེད་སོགས་འགྲོ་བ་མིའི་གཞི་རིམ་གྱི་ཐོབ་ཐང་གི་འཐབ་རྩོད་དང་ཡོངས་སུ་འགལ་འཛོལ་ཡིན་ལུགས་ཡིག་ཐོག་སྐྱོན་བརྗོད་གནང་འདུག གཙུག་ལག་སློབ་གྲྭ་དེ་བཞིན་ཡུལ་དེའི་གཙུག་ལག་སློབ་གྲྭ་ཡག་ཤོས་གྲས་ཡིན་པ་དང་གལ་སྲིད་༸གོང་ས་མཆོག་ཆིབས་བསྒྱུར་གནང་བ་ཡིན་ན་གསུང་བཤད་ཀྱང་གཏན་འཁེལ་ཡོད་འདུག གཞུང་གིས་གང་ཐག་གཅོད་གནང་བ་དེར་ཡུལ་དེའི་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་ཆོས་དཔོན་ཌེསི་མོནཌི་ཊུ་ཊུ་དང་ནེལ་སེན་མན་ཌེ་ལ།སྲིད་འཛིན་ཟུར་པ་ཨེཕ་ཌབ་ལུ་ཌི་ཀ་ལརྑ་བཅས་ཀྱིས་སྐྱོན་བརྗོད་གནང་ཡོད་རེད༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་དང་། ཡུ་གུར། འབར་མའི་སྐད་ཡིག་སྡེ་ཚན་གྱི་ལས་དོན་མཚམས་འཇོག་བྱེད་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ལོ་དགུའི་རིང་ཆུ་དང་གློག་གི་མཐུན་རྐྱེན་བཅད་པར་ཞུ་གཏུགས་བྱེད་མཁན་སྐལ་བཟང་ལགས་བཙོན་འཇུག་བྱས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎