དྲག་པོའི་འཐབ་འཁྲུག་གི་རྐྱེན་རྩ་འགྱུར་སྲིད་པའི་ཉེན་བརྡ།


2015.04.14
Philipinesགྱི་སྲིད་འཛིན་སྐུ་ཞབས་Benigno Aquinoལགས། ༢༠༡༥།༤།༡༤ Philipinesགྱི་སྲིད་འཛིན་སྐུ་ཞབས་Benigno Aquinoལགས། ༢༠༡༥།༤།༡༤
AFP

རྒྱ་ནག་གིས་ལྷོ་རྒྱ་ནག་རྒྱ་མཚོའི་བདག་དབང་རྩོད་སྟངས་འཛམ་གླིང་ནང་དྲག་པོའི་འཐབ་འཁྲུག་གི་རྐྱེན་རྩར་འགྱུར་སྲིད་པ་རེད།
དེ་རིང་ཚེས་༡༤རེས་གཟའ་མིག་དམར་ཉིན་ཧྥ་རན་སི་གསར་འགྱུར་ལས་ཁང་གིས་Philipinesགྱི་སྲིད་འཛིན་སྐུ་ཞབས་Benigno Aquinoལ་བཅར་འདྲི་ཞུ་སྐབས། ཁོང་གིས།
རྒྱ་ནག་ཕྱོགས་ནས་ལྷོ་རྒྱ་ནག་གི་རྒྱ་མཚོའི་ཐོག་ལ་རྒྱལ་ཁབ་གཞན་ཚོའི་གྲུ་གཟིངས་ཀྱི་འགྲིམ་འགྲུལ་འགྲོ་ལམ་བཀག་པ་དང་། ཉ་འཛིན་གྱི་ལས་ཀ་བཀག་པའི་བྱ་སྤྱོད་ཤུགས་ཆེ་རུ་བཏང་སྟེ་རྒྱ་མཚོའི་ས་ཁྱོན་གྱི་བདག་དབང་རྒྱ་ནག་ཡིན་པའི་རྣམ་པ་ཇེ་ཆེར་གཏོང་གི་ཡོད་པའི་སྐྱོན་བརྗོད་གནང་ཡོད་པ་དང་། སྐབས་དེར་གསར་འགོད་པས་ཁོང་ལ་རྒྱ་ནག་གི་བྱ་སྤྱོད་དེ་དག་གིས་ཉེན་ཁ་གང་ཞིག་བཟོ་གི་ཡོད་མེད་བཀའ་འདྲི་ཞུས་པར། རྒྱ་ནག་གི་བྱ་སྤྱོད་དེ་ཡིས་འཛམ་གླིང་གི་རྒྱལ་ཁབ་གཞན་ཚོར་ཉེན་ཁ་ཆགས་རྒྱུ་རེད། འོན་ཀྱང་ཁོང་གི་ངོས་ནས། རྒྱ་ནག་གཞུང་གིས་ལྷོ་རྒྱ་ནག་གི་རྒྱ་མཚོ་བདག་དབང་གི་རྩོད་གཞིའི་གནད་དོན་ཐོག་ནས་བདག་དབང་རྩོད་མཁན་རྒྱལ་ཁབ་གཞན་ཚོའི་དབར་ལ་དྲག་པོའི་འཐབ་འཁྲུག་རྒྱབ་ཀྱི་རེད་བསམ་མྱོང་མེད་ཀྱང་ད་ཆ་དེ་ལྟ་བུའི་གནས་སྟངས་ཡོང་སྲིད་པ་མཐོང་གི་འདུག བྱ་སྤྱོད་དེ་དག་གིས་འཛམ་གླིང་ནང་དྲག་པོའི་འཐབ་འཁྲུག་གི་རྐྱེན་རྩ་འགྱུར་སྲིད་པའི་ཉེན་བརྡ་ཡང་བཏང་ཡོད་རེད།
རྒྱ་ནག་གི་ཕྱོགས་ནས་ལྷོ་རྒྱ་ནག་རྒྱ་མཚོའི་ས་ཁྱོན་མང་ཆེ་བ་བདག་དབང་ཡིན་པའི་རྩོད་ལེན་བྱེད་པ་དང་། དེའི་ཐོག་ལ་Philippinesདང། Vietnam, Malaysia, Brunei, ཐེ་ཝན་བཅས་ཀྱིས་ཀྱང་བདག་དབང་ཡོད་པའི་རྩོད་ལེན་བྱེད་པའི་རྐྱེན་གྱིས་ལྷོ་རྒྱ་ནག་རྒྱ་མཚོའི་བདག་དབང་གི་གནད་དོན་ཐད་རྒྱལ་ཁབ་དེ་དག་ཕན་ཚུན་དབར་རྩོད་གཞིར་གྱུར་ཡོད་པ་མ་ཟད། ལྷག་པར་དུ་༢༠༡༢ལོར་རྒྱ་ནག་གཞུང་གིས། Phillipines ཡི་ས་ཁོངས་སུ་ཡོད་པའི་ཉ་འཛིན་སའི་ས་ཆ་ལྟེ་གནས་དེ་དབང་བསྒྱུར་བྱས་ཏེ། མཚོའི་དེའི་ཐོག་ལ་རྒྱ་ནག་གི་མཚོ་ཐོག་མྱུལ་ཞིབ་བྱེད་མཁན་གྱི་གྲུ་གཟིངས་དང། Phillipnes ཡི་མཚོ་དམག་དབར་ལ་རྙོག་དྲ་བྱུང་རྗེས་གནས་སྟངས་སྔར་བས་ཛ་དྲག་ཏུ་ཕྱིན་ཡོད་པ་རེད།

གསར་འགོད་པ་ཉི་མ་གཡུ་སྒྲོན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎