རྡུལ་ཕྲན་ཉེན་ཁའི་ཐོག་ཉི་ཧོང་དང་རྒྱ་ནག་ལྷོ་ཀོ་རི་ཡ་མཇལ་བ།

ཉི་ཧོང་དང་རྒྱ་ནག་ལྷོ་ཀོ་རི་ཡ་ཡུལ་གྲུ་གསུམ་གྱི་ཕྱི་སྲིད་བློན་ཆེན་དབར་རྡུལ་ཕྲ་རབ་ཀྱི་ཉེན་ཚབས་ལས་གཡོལ་ཐབས་ཀྱི་གནད་དོན་བཀའ་སྡུར།

2011.03.19

༄༅༎ཉི་ཧོང་དང་རྒྱ་ནག་ལྷོ་ཀོ་རི་ཡ་ཡུལ་གྲུ་གསུམ་གྱི་ཕྱི་སྲིད་བློན་ཆེན་དབར་གཟའ་སྤེན་པའི་ཉིན་ཉི་ཧོང་ནང་མཇལ་འཕྲད་གནང་ཏེ་རྡུལ་ཕྲ་རབ་ཀྱི་ཉེན་ཚབས་ལས་གཡོལ་ཐབས་ཀྱི་གནད་དོན་སྐོར་ལ་བཀའ་སྡུར་གནང་རྒྱུ་ཡིན་པ་རེད།

ད་རེས་ཉི་ཧོང་ནང་ས་ཡོམ་གྱི་གནོད་འཚེ་ཚབས་ཆེ་ཕོག་ནས་དེས་རྐྱེན་པས་རྡུལ་ཕྲན་གྱི་གློག་ཁང་ལ་འབར་གས་བྱུང་ཏེ་རྡུལ་ཕྲ་རབ་ཀྱི་དུག་རླངས་ཕྱིར་ཐོན་ནས་ཉི་ཧོང་དང་དེའི་ཁྱིམ་ཚེས་ཡུལ་གྲུའི་མི་མང་ཚོའི་བདེ་ཐང་ལ་གནོད་ཚབས་བཟོ་གཞི་ཆགས་པའི་གནས་ཚུལ་བྱུང་རྗེས་   ཡུལ་གྲུ་གསུམ་གྱི་དཔོན་རིགས་རྣམ་པ་ཚོས་ད་རེས་ཉི་ཧོང་ནང་ལྷན་འཛོམས་ཀྱིས་གནད་དོན་དེའི་ཐོག་བཟང་ཕྱོགས་ཀྱི་ཐབས་ལམ་འཛིན་རྒྱུ་གཙོ་བོར་འཛིན་ནས་བཀའ་མོལ་གནང་ཡོད་པ་དང་ ཉི་ཧོང་གི་ཕྱི་སྲིད་བློན་ཆེན་ཀྲ་ཀེ་ཨ་ཀི་མ་ཚུ་མོ་ཏོ་གིས་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཡང་ཇལ་གྲེ་དང་ལྷོ་ཀོ་རི་ཡའི་ཕྱི་སྲིད་བློན་ཆེན་ཀིམ་སང་ཧལྦན་རྣམ་གཉིས་ལ་ཉི་ཧོང་གི་རྡུལ་ཕྲན་གློག་ཁང་ལ་ས་ཡོམ་གྱི་གནོད་འཚེ་ཕོག་ནས་འབར་གས་བྱུང་བའི་རྗེས་རྡུལ་ཕྲ་རབ་ཀྱི་དུག་རླངས་ཕྱིར་ཐོན་རྒྱུར་འགོག་ཐབས་ཀྱི་ཐབས་ལམ་འཛིན་པ་ཁག་ངོ་སྤྲོད་གནང་ཡོད་པ་དང་འབྲེལ་དཔོན་རིགས་རྣམ་པ་ཚོའི་དབར་བྱང་ཀོ་རི་ཡའི་རྡུལ་ཕྲན་གྱི་ལས་འཆར་འཚམས་འཇོག་ཡོང་རྒྱུར་ཡུལ་གྲུ་དྲུག་གི་ལྷན་ཚོགས་བསྐྱར་དུ་ཚུགས་རྒྱུའི་གནད་དོན་ཐོག་ལ་ཡང་བཀའ་བསྡུར་གནང་ཡོད་ཅིང་ དཔོན་རིགས་རྣམ་པ་གསུམ་དབར་ཕྱི་ཟླ་ལྔ་པའི་ཟླ་མཇུག་ཙམ་དུ་སླར་ཡང་བྱང་ཀོ་རི་ཡའི་རྡུལ་ཕྲན་གོ་མཚོན་ལས་འཆར་མཚམས་འཇོག་ཡོང་རྒྱུའི་གནད་དོན་ཐོག་བསྐྱར་དུ་གྲོས་མོལ་གནང་རྒྱུའི་ཐག་གཅོད་ཡང་བྱུང་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་དང་། ཡུ་གུར། འབར་མའི་སྐད་ཡིག་སྡེ་ཚན་གྱི་ལས་དོན་མཚམས་འཇོག་བྱེད་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ལོ་དགུའི་རིང་ཆུ་དང་གློག་གི་མཐུན་རྐྱེན་བཅད་པར་ཞུ་གཏུགས་བྱེད་མཁན་སྐལ་བཟང་ལགས་བཙོན་འཇུག་བྱས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎