སྤྱི་འཐུས་ཚོགས་གཙོ་མཆོག་ཀུ་ལུ་མུ་ནཱ་ལེར་ཕེབས་འདུག


2017.06.05
སྤྱི་འཐུས་ཚོགས་གཙོ་མཆོག་དང་ཆོས་རིག་བཀའ་བློན་གཉིས་ཀུ་ལུ་སྤང་དགོན་རི་ཁྲོད་དགོན་པའི་སློབ་གྲྭ་དབུ་འབྱེད་མཛད་སྒོར། ༢༠༡༧།༦།༣ སྤྱི་འཐུས་ཚོགས་གཙོ་མཆོག་དང་ཆོས་རིག་བཀའ་བློན་གཉིས་ཀུ་ལུ་སྤང་དགོན་རི་ཁྲོད་དགོན་པའི་སློབ་གྲྭ་དབུ་འབྱེད་མཛད་སྒོར། ༢༠༡༧།༦།༣
tibet.net

དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་། ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་རྣམ་གཉིས་ཀུ་ལུ་སྤང་དགོན་རི་ཁྲོད་དགོན་པའི་སློབ་གྲྭ་གསར་འཛུགས་ཀྱི་དབུ་འབྱེད་མཛད་སྒོར་ཕེབས་འདུག
དེའང་རྒྱ་གར་བྱང་ཕྱོགས་ཧི་མཱ་ཅལ་མངའ་སྡེའི་ཁོངས་སུ་གཏོགས་པའི་ཀུ་ལུ་མུ་ནཱ་ལེར་རྟེན་གཞི་བྱས་པའི་སྤང་དགོན་རི་ཁྲོད་དགོན་པའི་སློབ་གྲྭ་གསར་འཛུགས་ཀྱི་དབུ་འབྱེད་མཛད་སྒོ་གནང་ཡུལ་དུ། ས་གནས་མི་མང་དང་ཚོགས་པ་ཁག་གིས་ཁོང་རྣམ་གཉིས་ལ་ཕེབས་བསུ་གཟབ་རྒྱས་ཞུས་ཡོད་པ་རེད།  
དབུ་འབྱེད་མཛད་སྒོའི་སྐུ་མགྲོན་གཙོ་བོ་སྐྱབས་རྗེ་ཡང་སྲིད་འཇིགས་མེད་བསྟན་འཛིན་འགྱུར་མེད་རིན་པོ་ཆེ་མཆོག་དང་། བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་ལགས། ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་ལགས། མངའ་སྡེའི་གྲོས་ཚོགས་འཐུས་མི་དབང་སྤྲུལ་རིན་པོ་ཆེ་མཆོག། ཀུ་ལུ་ས་གནས་འགོ་འཛིན། གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ་འཐུས་མི་རྣམ་པ། མི་མང་བཅས་ལྷན་འཛོམས་ཀྱིས་ཐོག་མར་སྤང་དགོན་རི་ཁྲོད་དགོན་པ་དང་སློབ་གྲྭའི་འགན་འཛིན་མཁན་པོ་བསམ་གཏན་ཚེ་རིང་ལགས་ཀྱིས་ཕེབས་བསུའི་གསུང་བཤད་དང་འབྲེལ་སྤང་དགོན་རི་ཁྲོད་དགོན་པའི་ལོ་རྒྱུས་དང་། སྤང་དགོན་རི་ཁྲོད་དགོན་པའི་སློབ་གྲྭ་གསར་འཛུགས་གནང་དགོས་དོན་སྐོར་ངོ་སྤྲོད་གནང་བའི་རྗེས་ཆོས་རིག་བཀའ་བློན་གྱིས་སྐྱབས་རྗེ་ཐུབ་བསྟན་འོད་ཟེར་ཞིང་གཤེགས་དམ་པ་དེས་སྐུ་ཚེའི་རིང་བོད་བརྒྱུད་ནང་བསྟན་མི་ཉམས་རྒྱུན་འཛིན་དང་། སྤང་དགོན་རི་ཁྲོད་དགོན་པ་རྒྱ་སྐྱེད་སོགས་ཀྱི་སླད་ཐུགས་འཁུར་ཧ་ཅང་ཆེན་པོ་མཛད་པར་ཆེ་བསྟོད་དང་། ཡང་སྲིད་འཇིགས་མེད་བསྟན་འཛིན་འགྱུར་མེད་རིན་པོ་ཆེ་མཆོག་གིས་ཀྱང་བོད་བརྒྱུད་ནང་བསྟན་གྱི་གཞུང་ལུགས་ཁག་ལ་གསན་བསམ་སློབ་གཉེར་གནང་སྟེ་སྐུ་གོང་མའི་མཛད་རྗེས་ཁག་མུ་མཐུད་སྐྱོང་བཞིན་པར་མངགས་བརྗོད་་གནང་བ་མ་ཟད། སློབ་གྲྭ་གསར་འཛུགས་ཀྱིས་གཞོན་སྐྱེས་རྣམས་ལ་ཤེས་ཡོན་གྱི་མཐུན་རྐྱེན་བསྐྲུན་ཕྱོགས་ཀྱི་ཐད། ཆོས་རིག་ལས་ཁུངས་ནས་མཐུན་འགྱུར་རོགས་རམ་གང་ཐུབ་གནང་རྒྱུའི་སྐོར་སོགས་གསུངས་འདུག

གསར་འགོད་པ་ཕྲེང་རིང་བསྟན་ནོར།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཀའ་ཁག་ཆེ་བའི་དུས་སྐབས་འདིར་༸རྒྱལ་དབང་རིན་པོ་ཆེ་ཡོད་བསམ་ནས་བློ་བདེ་པོ་བྱོས་ཞེས་མཇལ་བཅར་བ་ཚོར་བཀའ་སྩལ་མཛད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎