རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་ལ་ཐུགས་སྣང་དགོས་པའི་རེ་སྐུལ།

ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོར་འགྲོ་བ་མིའི་ཐོབ་ཐང་གི་ཐོག་ལ་རྒྱ་ནག་གཞུང་དང་བཀའ་མོལ་གནང་དགོས་པའི་འབོད་སྐུལ་གནང་ཡོད་པ།

2009.05.27

༄༅༎ཨ་མི་རི་ཀའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་ནེན་སི་པེ་ལོ་སི་མཆོག་དེ་རིང་རྒྱ་ནག་གཞུང་འབྲེལ་ལས་ཁུངས་སུ་འཚམས་གཟིགས་གནང་བའི་སྐབས་དེར་རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་གནང་མཁན་རྒྱ་མི་རིགས་ཁག་ཅིག་གིས་ལྕམ་པེ་ལོ་སི་མཆོག་ལ་དགའ་བསུ་ཞུས་པ་དང་ཆབས་ཅིག་འགྲོ་བ་མིའི་ཐོབ་ཐང་གི་ཐོག་ལ་རྒྱ་ནག་གཞུང་དང་བཀའ་མོལ་གནང་དགོས་པའི་འབོད་སྐུལ་གནང་ཡོད་པ་རེད།

དེ་ཡང་ཨ་མི་རི་ཀའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་ནེན་སི་པེ་ལོ་སི་མཆོག་དེ་རིང་རྒྱ་ནག་དབུས་གཞུང་དྲིལ་བསྒྲགས་ལས་ཁུངས་སུ་རྒྱལ་དོན་འཚམས་འདྲིའི་གཟིགས་སྐོར་གནང་བའི་སྐབས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་གནང་མཁན་རྒྱ་མི་རིགས་ཁག་ཅིག་གིས་ལག་ཏུ་འཕྲེད་དར་དང་སྦྱར་ཡིག་སོགས་འཁྱེར་ནས་ལས་ཁུངས་དེའི་ཉེ་འགྲམ་དུ་ལྕམ་པེ་ལོ་སི་མཆོག་ལ་མཛའ་བརྩེའི་སྣེ་ལེན་གནང་བ་དང་སྦྲགས་ཁྱེད་ནས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐོག་ཐུགས་སྣང་གནང་དགོས་ཀྱི་རེད་ཅེས་འབོད་སྐུལ་ཡང་གནང་ཡོད་པ་རེད། སྐད་འབོད་ནང་ཞུགས་མཁན་རྒྱ་ནག་ལྷོ་ཕྱོགས་ཀོང་ཏུང་ཞིང་ཆེན་ནས་ཡིན་པའི་རྒྱ་མི་རིགས་ཁྲེན་ཞུ་བས་ལྕམ་ནེན་སི་པེ་ལོ་སི་མཆོག་ནས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་ཐད་དུས་རྒྱུན་དུ་ནས་ཐུགས་སྣང་གནང་བ་བཞིན་ད་རེས་དངོས་སུ་དེའི་ཐོག་ཏུ་རྒྱ་ནག་གི་དབུ་ཁྲིད་ཚོ་དང་གླེང་སློང་གནང་རོགས་གནང་།རྒྱ་ནག་དབུས་གཞུང་དྲིལ་བསྒྲགས་ལས་ཁུངས་དེ་བཞིན་ཕྱི་ཕྱོགས་སུ་རྫུན་གཏམ་ཤོད་མཁན་གྱི་དྲིལ་བསྒྲགས་ལས་ཁུངས་ཤིག་རེད། དེར་བརྟེན་དེ་རིང་ང་ཚོ་འདི་གར་འཛོམས་ནས་གཅིག་ནས་ཁྱེད་རང་ལ་གནས་ཚུལ་འགྲེལ་བརྗོད་བྱེད་པ་དང་ཕྱོགས་མཚུངས་རྒྱ་ནག་གི་དཔོན་རིགས་ཚོ་ལའང་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར་གསལ་བཤད་བྱེད་པར་ཡོང་བ་ཡིན་ཞེས་བརྗོད་འདུག ལྕམ་ནེན་སི་པེ་ལོ་སི་མཆོག་ནི་རྒྱ་ནག་གི་མང་གཙོ་དང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐད་རྒྱུན་དུ་ནས་རྒྱབ་སྐྱོར་གནང་མཁན་ཞིག་ཡིན་པའི་ཐོག་རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་སྲིད་ཇུས་ལ་མཐའ་གཅིག་ཏུ་ངོ་རྒོལ་དང་སྐྱོན་བརྗོད་གནང་མཁན་ཞིག་ཡིན་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎